logo

གོང་པ་བདེ་ལེགས་ནོར་བུའི་ཆེད་བསྒྲིགས་བརྙན་འཁོར《བདེ་ལེགས》འགྲེམ་སྤེལ་གྱི་ཆེད་ཚོགས་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2016-02-29 ཀློག་གྲངས།:


གོང་པ་བདེ་ལེགས་ནོར་བུའི་ཆེད་བསྒྲིགས་བརྙན་འཁོར《བདེ་ལེགས》འགྲེམ་སྤེལ་གྱི་ཆེད་ཚོགས་བསྡུས།

གོང་པ་བདེ་ལེགས་ནོར་བུ
གོང་པ་བདེ་ལེགས་ནོར་བུའི་ཆེད་བསྒྲིགས《བདེ་ལེགས》འགྲེམ་སྤེལ་བྱས།


གོང་པ་བདེ་ལེགས་ནོར་བུས་གླུ་གཞས་ལེན་བཞིན་པ།


ཡུལ་དངོས་ཀྱི་གཟིགས་མོ་བ།

     སྤྱི་ཟླ2པའི་ཚེས25ཉིན། གོང་པ་བདེ་ལེགས་ནོར་བུའི་ཕ་སྐད་ཆེད་བསྒྲིགས་བརྙན་འཁོར《བདེ་ལེགས》ཀྱི་འགྲེམ་སྤེལ་གླུ་གཞས་ཆེད་ཚོགས་ཟི་ལིང་ཨ་ཁུ་པདྨ་མི་རིགས་ཡུལ་སྲོལ་གླུ་གར་ཕོ་བྲང་དུ་བསྡུས།
     འགྲེམ་སྤེལ་ཆེད་ཚོགས་འདིའི་སྟེང་གངས་གཞིགས་དང་དབྱངས་ཅན་ལྷ་མཛེས། པདྨ་བསམ་འགྲུབ། འཕྲིན་ལས་རྒྱ་མཚོ། བདེ་སྐྱིད་ཚེ་རིང་། ཨ་བསམ། ཨོ་རྒྱན་ཚེ་རིང་སོགས་གདན་འདྲེན་ཞུས་ཡོད་ལ། ཁོ་ཚོས་གླུ་གར་འཁྲབ་སྟོན་གྱི་ལམ་ནས་གླུ་བ་བདེ་ལེགས་ནོར་བུའི་ཆེད་བསྒྲིགས་འགྲེམས་སྤེལ་ཆེད་ཚོགས་ལ་ལྷག་བསམ་སྲོལ་མེད་ཀྱི་རྟེན་འབྲེལ་ཞུས། གླུ་བ་བདེ་ལེགས་ནོར་བུའི་ཆེད་བསྒྲིགས་བརྙན་འཁོར་ནང་བརྩམས་ཆོས་གསར་བ10ཡོད་ལ། རེ་རེ་བཞིན་ཡུལ་དངོས་ནས་འཁྲབ་སྟོན་བྱས་པར་ལྟད་མོ་བ་མང་པོས་དགའ་བསུ་ཆེས་ཆེར་ཐོབ་པ་མ་ཟད། གཞས་ཚིག་རྩོམ་པ་པོ་གྲགས་ཅན་ལབ་ཕན་འདུམ་བློ་བཟང་རིན་ཆེན་དང་དབྱངས་རྩོམ་པ་པོ་བཀྲ་ཤིས་དར་རྒྱས་སོགས་ཀྱིས་ཀྱང་གདེང་འཇོག་མི་དམན་པ་མཛད།
     གོང་པ་བདེ་ལེགས་ནོར་བུ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཡིན་ལ། 2005ལོ་ནས་བཟུང་གླུ་གཞས་སྒྱུ་རྩལ་གྱི་ལས་ལ་ཞུགས། 2007ལོར་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། སློབ་མའི་སྐབས་སུ་མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆེན་མོ་བའི་ཕུལ་བྱུང་གླུ་བ་བཅུའི་གྲས་སུ་བདམས་མྱོང་། 2008ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་སྐབས་བཅུ་གསུམ་པའི་ན་གཞོན་གླུ་བའི་འགྲན་སྡུར་ཀྱི་མཚོ་སྔོན་འགྲན་ཁུལ་ཁྲོད་ཨང་གསུམ་པ་ཐོབ། 2015ལོར་ཨ་མདོ་བརྙན་འཕྲིན་དང་ཁམས་པ་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ལོ་སར་དགོང་ཚོགས་སྟེང་ཞུགས་པས་རྒྱ་ཆེའི་ལྟད་མོ་བ་དག་གིས་དགའ་བསུ་ཆེན་པོ་ཐོབ།
     གོང་པ་བདེ་ལེགས་ནོར་བུ་ནི་ཆུང་དུས་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཡོད་ཅིང་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པོ་ཡོད་པའི་ཁར་ཁོ་རང་གིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་འབད་འབུངས་ཆེར་བསྐྱེད་བྱས་པས་གླུ་གཞས་སྒྱུ་རྩལ་ཐད་གྲུབ་འབྲས་མི་དམན་པ་བླངས། ཐེངས་འདིའི་ཁོའི་ཕ་སྐད་ཆེད་བསྒྲིགས་ཐོག་མ《བདེ་ལེགས》ནི་མི་ལོ་འདི་དག་གི་རིང་གླུ་གཞས་སྒྱུ་རྩལ་ལ་སློབ་གཉེར་བྱས་པའི་རིན་དོད་ཙམ་ཡིན་པར་འདོད།


འབྲེལ་ཡོད་འོས་སྦྱོར།