མགོ་ལོག་ཁུལ་གྱི2016ལོའི་བོད་ལུགས་ལོ་སར་གྱི་རིག་རྩལ་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ།
དགོང་ཚོགས་ཀྱི་མདོ་འཛིན་པ།
སྤྱི་ཟླ1པོའི་ཚེས19ཉིན། མགོ་ལོག་ཁུལ་གྱིས2016ལོའི་བོད་མེ་སྤྲེལ་ལོའི་ལོ་སར་གྱི་རིག་རྩལ་དགོང་ཚོགས་དེ་གེ་སར་བརྙན་ཟློས་ཁང་དུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་། དགོང་ཚོགས་ཧྲིལ་བོར་བསྡོམས་པས་འཁྲབ་སྟོན22ཡོད།
བྲོ་གར་འཁྲབ་སྟོན།
རྡུང་ལེན་དཀྲོལ་བ།
འདི་ནི་མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཨ་མདོ་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ལུགས་ལོ་སར་དགོང་ཚོགས་སུ་བོད་ཁུལ་གྱི་མིང་གྲགས་གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་། ནམ་མཁའ་མཚོ། རིན་འཛིན་སྒྲོལ་མ། ཚེ་སྐྱིད། གླུ་བ་གདུགས་དཀར་ཡག་སོགས་དང་། མགོ་ལོག་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་སོགས་གཙོ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་བོད་ཀྱི་གླུ་གར་དང་། ཟློས་གར། ཁ་ཤགས། སྐོར་བྲོ། རྡུང་ལེན་སོགས་རྣམ་གྲངས་མང་པོ་འདུས་ཤིང་། མགོ་ལོག་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སོགས་ཐད་ཀྱི་གྲུབ་འབྲས་ལ་བསྟོད་གླུ་བླངས་ཡོད།
དགོང་ཚོགས་ལ་ཨ་མདོ་བརྙན་འཕྲིན་ཁང་གིས་མིང་གྲགས་སྙན་སྒྲོན་པ་སྒྲོལ་མ་སྐྱབས་དང་ཀླུ་སྒྲོན་གཉིས་ཀྱིས་མདོ་འཛིན་བྱས་ཤིང་། དགོང་ཚོགས་ཀྱི་དུས་མཇུག་སྒྲིག་བཟོ་ལེགས་འགྲུབ་བྱུང་རྗེས2016ལོའི་བོད་ལུགས་ལོ་སར་དང་དཔྱིད་གསར་སྐབས་སུ་ཨ་མདོའི་བརྙན་འཕྲིན་དུ་གཏོང་རྒྱུ་རེད།