logo

བོད་ལྗོངས་ཀྱི་ལོ་གསར་རིག་རྩལ་བརྙན་ཕབ་བྱ་བ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2016-01-18 ཀློག་གྲངས།:

ལོ་གསར་བར་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་པའི་ཚུལ།
ལོ་གསར་བར་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་པའི་ཚུལ།


རས་པའི་གར་གྱི་སྟངས་སྟབས།

     ལོ་གསར་ཐོན་ལ་ཉེ་བ་དང་ལྷག་པར་དུ་བོད་ལུགས་ཀྱི་ལོ་གསར་ལ་ཐོན་ཉེ་བའི་དུས་འདིར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བརྙན་འཕྲིན་དང་རླུང་འཕྲིན་གྱི་ལས་ཁུངས་ཁག་སོ་སོ་ནས་བོད་ལྗོངས་ལྷ་སའི་ཕྱི་ལོ2016ལོའི་ལོ་གསར་གྱི་དགའ་སྟོན་དང་བོད་རབ་གནས་མེ་སྤྲེལ་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་བརྙན་འཕྲིན་སྒྲིག་སྦྱོར་གྱི་བྱ་བ་དེ་སྔོན་དངོས་སུ་ལེགས་འགྲུབ་བྱུང་ནས་སྒྱུར་སྒྲིག་དང་སྒྲིག་སྦྱོར་སོགས་མཐའ་དག་མཇུག་རྫོགས།
     ད་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་མིང་ལ་མཛེས་སྡུག་གི་ཕ་ཡུལ་དང་བདེ་སྐྱིད་ཀྱི་ལྷ་ས་ཞེས་བཏགས་ཡོད་པ་དང་། བོད་ལྗོངས་ལྷ་སའི་ཕྱི་ལོ2016ལོའི་ལོ་གསར་གྱི་དགའ་སྟོན་དང་བོད་རབ་གནས་མེ་སྤྲེལ་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་བརྙན་འཕྲིན་སྒྲིག་སྦྱོར་གྱི་བྱ་བའི་ཡུལ་དངོས་ནི་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ཁང་ཡིན། ཐེངས་འདིའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་བརྙན་འཕྲིན་སྒྲིག་སྦྱོར་གྱི་ལག་རྩལ་དང་བྱ་ཐབས་སོགས་ཀྱི་རིམ་པ་ཤིན་ཏུ་མཐོ་བ་དང་ཚན་རིག་ལག་རྩལ་གྱི་བྱ་ཐབས་གང་མང་སྤྱད།  ཆེས་མཚར་སྡུག་ལྡན་ལ་སྟངས་སྟབས་ཀྱིས་ཕྱུག་པའི་རས་པའི་གར་དང་བྲོ་སོགས་ཀྱིས་མི་དམངས་མང་ཚོགས་ལ་མིག་གི་དགའ་སྟོན་ཆེན་པོ་ཞིག་གཤམས་པ་རེད།
     བོད་རང་སྐྱོང་ལྗོངས་ཀྱི་ད་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་བརྙན་འཕྲིན་སྒྲིག་སྦྱོར་གྱི་བྱ་བ་མགོ་མ་བརྩམས་པའི་སྔོན་དུ། ནང་དུ་ཁྱོན་བསྡོམས་མི་གྲངས4000ཙམ་ཤོང་ཐུབ་པའི་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ཁང་གི་ནང་དུ་མི་དམངས་འཚང་ཁ་ཤིག་ཤིག་གིས་གང་འདུག་ལ། ཁོ་ཚོས་དུས་སྟོན་གྱི་ལྭ་བ་དང་རྒྱན་ཆ་སོགས་གཟབ་མཆོར་ཡག་པོ་སྤྲོས་ནས་ལུས་རྩལ་ཁང་དུ་བརྙན་འཕྲིན་སྒྲིག་སྦྱོར་གྱི་བྱ་བར་གྲ་སྒྲིག་བྱེད་བཞིན་འདུག
     བོད་ལྗོངས་ལྷ་སའི་ཕྱི་ལོ2016ལོའི་ལོ་གསར་གྱི་དགའ་སྟོན་དང་བོད་རབ་གནས་མེ་སྤྲེལ་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་བརྙན་འཕྲིན་གྱི་ལེའུ་ཚན་ནང་དུ་དམངས་གཞས་མཉམ་ལེན་དང་ལང་ཚོའི་འགྱུར་ཁུགས་དང་རས་པ་སོགས་ཀྱི་བྲོ་གར་གྱི་རིགས། བོད་ཀྱི་ཁ་ཤགས་དང་སྲོལ་རྒྱུན་གྱི་བྲོ་གཞས་སོགས་ཆེས་ཤིན་ཏུ་སྣ་འཛོམས་ཤིག་ཡིན་ལ། རིག་རྩལ་འཁྲབ་སྟོན་པ་དག་གི་ལུས་ཀྱི་འགྱུར་བག་དང་གར་གྱི་སྟངས་སྟབས་སོགས་ཀྱིས་བརྙན་འཕྲིན་སྒྲིག་སྦྱོར་གྱི་ཡུལ་དངོས་ན་ཡོད་པའི་མི་དམངས་ལ་མིག་གི་དགའ་སྟོན་ཆེན་པོ་ཞིག་སྩལ་པ་དང་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ།
     བོད་ལྗོངས་འདམ་གཞུང་ནས་ཐོན་པའི་འབྲོག་པ་དཔལ་བཟང་གིས་མི་རིགས་ཀྱི་བྲོ་གར་སྟེ 《རྩྭ་ཐང་གི་འབྲོག་པ》ཅེས་པའི་རིག་རྩལ་འཁྲབ་སྟོན་གྱི་ཁོངས་སུ་ཞུགས་ཡོད་ཅིང་། འདམ་གཞུང་ས་ཆའི་སྲོལ་རྒྱུན་གྱི་སྒོར་གཞས་ནི་གར་གྱི་སྟངས་སྟབས་སོགས་ཀྱི་ཐད་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས་ད་ལོའི་ལོ་གསར་གྱི་དགའ་སྟོན་དགྱེས་འཛོམས་ཆེན་མོའི་རིག་རྩལ་འཁྲབ་སྟོན་གྱི་ཁོངས་སུ་བཞག་ཡོད་པ་དང་། དཔལ་བཟང་གིས་བཤད་རྒྱུར། ཁོ་རང་འདམ་གཞུང་ས་ཆའི་ཞིང་འབྲོག་མང་ཚོགས་ཡོངས་ཀྱི་ཚབ་བྱས་ནས་ས་གནས་ཀྱི་སྒོར་གཞས་ད་ལོའི་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་གྱི་སྟེང་འཁྲབ་སྟོན་བྱས་པ་ཡིན། ཐེངས་འདིར་རྒྱ་ཆེའི་མི་དམངས་ཀྱི་མདུན་དུ་འདམ་གཞུང་ས་ཆའི་སྒོར་གཞས་ཀྱི་བྲོ་གར་འབུལ་ཐུབ་པར་ཤིན་ཏུ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།
     རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་བོད་ལྗོངས་ཀྱི་ལོ་གསར་བའི་རིག་རྩལ་དགའ་སྟོན་གྱི་སྟེང་དུ་ཁྱོན་བསྡོམས་འཁྲབ་སྟོན་པ350ལྷག་ཙམ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྫོང་སོ་སོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་མང་ཚོགས་སྒྱུ་རྩལ་པ། དེ་ལས་གཞན་ད་དུང་རྒྱལ་ནང་ནས་གདན་འདྲེན་བྱས་པའི་རོལ་ཚོགས་སྐད་གྲགས་ཅན་དེ་འདྲའང་ཡོད་པ་རེད། ཐེངས་འདིར་བརྙན་ཕབ་དང་བསྒྱུར་སྒྲིག་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱུང་ཟིན་ལ། ཕྱི་ལོ2016ལོའི་ལོ་གསར་དང་བོད་རབ་གནས་མེ་སྤྲེལ་ལོའི་ལོ་གསར་གྱི་ཚེས1ཉིན་དུ་བོད་ལྗོངས་བརྙན་འཕྲིན་གྱི་འཆར་སྟེགས་སུ་ཀུན་གྱི་གཟིགས་ངོར་སྟོན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།