logo

ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-29 ཀློག་གྲངས།:


ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།

བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་སྒོ་བྱང་བཀལ་བ།
ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་སྒོ་བྱང་བཀལ་བ།

     སྤྱི་ཟླ12པའི་ཚེས26ཉིན། ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་བགྲོ་གླེང་ཚོགས་འདུ་ལྷ་ས་རུ་བསྡུས་པ་དང་།  བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་བོད་ཀྱི་རིག་གནས་དང་། བོད་མི་རིགས་ཀྱི་རོལ་དབྱངས་ཆེད་མཁས་པ། དབྱངས་རྩོམ་པ་པོ་དང་ཕུལ་བྱུང་གླུ་བའི་འཐུས་ཚབ་པ་སོགས་ཐེངས་འདིའི་མཛད་སྒོར་ཞུགས།
     མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞི་འདིས་བོད་མི་རིགས་ཀྱི་རོལ་དབྱངས་བང་མཛོད་དང་ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་གསར་རྩོམ་གནས་གཞི་འཛུགས་སྐྲུན་བྱེད་རྒྱུ་དང་། ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞིའི་འོག་མཚན་རྟགས་བསྐྲུན་པ་སྟེ།  ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་བཤམས་ཚོགས་དང་འདིའི་རྨང་གཞིའི་སྟེང་བོད་མི་རིགས་ཀྱི་རོལ་དབྱངས་མྱོང་སྣང་ཁུལ་འཛུགས་སྐྲུན། དེ་མིན་ཀྲུང་གོའི་བོད་མི་རིགས་ཀྱི་རོལ་དབྱངས་སྤྲིན་ཞབས་ཞུ་ལས་གཉེར་ལྟེ་གནས་འཛུགས་སྐྲུན་སྒོས་བོད་མི་རིགས་རང་ཉིད་ཀྱི་རོལ་དབྱངས་ཆེད་ལས་སྤྲིན་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།