logo

དཔའ་རིས་རྫོང་བོད་ཀྱི་དམངས་གླུ་རྒྱུན་སྤེལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-25 ཀློག་གྲངས།:

དཔའ་རིས་རྫོང་བོད་ཀྱི་དམངས་གླུ་རྒྱུན་སྤེལ་བྱ་འགུལ་སྤེལ་བ།
དཔའ་རིས་རྫོང་བོད་ཀྱི་དམངས་གླུ་རྒྱུན་སྤེལ་བྱ་འགུལ་སྤེལ་བ།


སྒྱུ་རྩལ་མི་སྣ།

     སྤྱི་ཟླ11པའི་ཚེས7ཉིན། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་དཔའ་རིས་བོད་ཀྱི་དམངས་གླུ་རྒྱུན་འཛིན་སྦྱོང་བརྡར་བྱ་འགུལ་སྤེལ་ཞིང་། ནང་དོན་ལ་དམངས་གླུ་ལེན་པ་དང་བཞུགས་མོལ་ཚོགས་འདུ་སོགས་འདུས་པ་དང་། བྱེད་སྒོ་འདིས་དཔའ་རིས་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་རྗེས་ཕྱོགས་མི་རིགས་ཀྱི་རིག་གནས་བྱ་བ་སོ་སོ་ཇི་ལྟར་སྤེལ་རྒྱུ་དང་། རང་སྐྱོང་རྫོང་གི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། མི་རིགས་མཐུན་སྒྲིལ་དང་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་ཐད་དགེ་མཚན་ལེགས་པོ་བསྐྲུན།
     བྱ་འགུལ་གྱི་དགོང་མོ་དེར་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དང་མཉམ་འབྲེལ་སྒོས་དཔའ་རིས་བོད་ཀྱི་དམངས་གླུ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་ཡང་སྤེལ་ཞིང་། དེར་སྒྱུ་རྩལ་པའི་འཁྲབ་སྟོན་དང་། སློབ་མའི་གླུ་ལེན་འཁྲབ་སྟོན། སློབ་གྲྭའི་དགེ་སློབ་ཡོངས་དང་སྒྱུ་རྩལ་པའི་འཐུས་ཚབ་བསྡོམས་པས་མི600ལྷག་ཐེངས་འདིའི་བྱ་འགུལ་དུ་ཞུགས།


འབྲེལ་ཡོད་འོས་སྦྱོར།