logo

གདང་ལ་གྲོང་རྡལ་གྱི་གླུ་བ་མཚོ་ནུབ་ཁུལ་གྱི་དམངས་གླུ་འགྲན་བསྡུར་དུ་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-19 ཀློག་གྲངས།:

གདང་ལ་གྲོང་རྡལ་གྱི་གླུ་བ་མཚོ་ནུབ་ཁུལ་གྱི་དམངས་གླུ་འགྲན་བསྡུར་དུ་བྱ་དགའ་ཐོབ་པ།
གདང་ལ་གྲོང་རྡལ་གྱི་གླུ་བ་མཚོ་ནུབ་ཁུལ་གྱི་དམངས་གླུ་འགྲན་བསྡུར་དུ་བྱ་དགའ་ཐོབ་པ།

     སྤྱི་ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པའི་བོད་ཀྱི་གདོད་མའི་དམངས་གླུ་འགྲན་བསྡུར་སྐབས་གཉིས་པ་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།
     ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་དུ་ཁུལ་ཡོངས་ཀྱི་འགྲན་ཞུགས་པ17ཞུགས་ཡོད་ཅིང་།  གདང་ལ་གྲོང་རྡལ་གྱི་གླུ་བ3བདམས་ཏེ་ཐེངས་འདིའི་རྟིང་རྩོད་དུ་ཞུགས་ལ། ཛ་དྲག་གི་འགྲན་རྩོད་བརྒྱུད། གདང་ལ་གྲོང་རྡལ་གྱི་གླུ་མ་ཚེ་སྐྱིད་ལྷ་མོ་དང་། བཀྲ་ནོར་གཉིས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཐེངས་འདིའི་འགྲན་བསྡུར་བརྒྱུད་གྲོང་རྡལ་རང་གི་དམངས་ཁྲོད་གླུ་བའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་དང་སྤོབས་པ་ཆེར་བསྐྱེད། དཔུང་སྡེ་སྦྱོང་བརྡར་བཅས་བྱེད་ཐུབ་པ་མ་ཟད། ཕུལ་བྱུང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་དར་སྤེལ་དང་གྲོང་རྡལ་རང་གི་ཕྱི་ཕྱོགས་རིག་གནས་འབྲེལ་འདྲིས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན།


འབྲེལ་ཡོད་འོས་སྦྱོར།