རིག་རྩལ་སྤྲོ་ཚོགས་ཆེན་མོ་མདོ་ལ་ལྷ་ཡི་ཞིང་ཁམས་ཞེས་པ་མདོ་ལ་རུ་བསྡུས་པ།
སྤྲོ་ཚོགས་ཀྱི་མགོ་བརྩམས་པ།
མདོ་འཛིན་པ་རྣམ་པ།
རྒྱལ་རོང་གླུ་མ་ལྷ་སྒྲོན་གྱིས་གླུ་སྒོ་ཕྱེས་པ།
གླུ་མ་རིག་འཛིན་སྒྲོལ་མས་གླུ་གཞས་ལེན་བཞིན་པའི་ཚུལ།
ཨ་རིག་བུ་མོ་འབྲུ་བརྒྱ་མ།
ཁ་བའི་མེ་ཏོག་ཚན་སྡེབ།
གླུ་མ་བཀྲ་ཤིས་མཚོ།
གར་ཆུང་།
སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་བཞིན་པ།
གླུ་མ་རྣམ་རྒྱལ་ཆོས་མཚོ།
སྤྱི་ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཆི་ལེན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ《མདོ་ལ་ལྷ་ཡི་ཞིང་ཁམས》ཞེས་པ་ཆི་ལེན་རྫོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཧན་ཆིན་ཧྥུན་དང་རྣ་བྷ། ཆི་ལེན་རྫོང་ཏང་ཨུའི་ཧྲུའི་ཅི་ཧན་ཞང་ཧེ་དང་རྫོང་ལུང་ཡོང་ཧྲིན་སོགས་འབྲེལ་ཡོད་འགོ་ཁྲིད་སྤྲོ་ཚོགས་ལ་ཞུགས། གར་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་གླུ་ཡི་མཆོད་པ་ཕུན་སུམ་ཚོགས་པས་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་གཟི་དཔལ་སྔར་ལས་རབ་ཏུ་རྒྱས།
ཐེངས་འདིའི་སྤྲོ་ཚོགས་ནི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཚོགས་ཐེངས་བརྒྱད་པ་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྔ་གཞུག་ཏུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་དང་། ཀན་ལྷོ་རྨ་ཆུ་རྩྭ་ཐང་། རེབ་གོང་གསེར་མོ་ལྗོངས་སོགས་སུ་མུ་འབྲེལ་སྤྲོ་ཚོགས་ཆེན་མོ་འདི་སྤེལ་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་སྔོག་འདོན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་མ་ཟད། བོད་ཁུལ་གྱི་འཕེལ་རྒྱས་དང་མཆམ་མཐུན། དྲིལ་སྒྲོག་སོགས་ཀྱི་ཐད་ནུས་པ་བླ་ལྷག་བཏོན་ཡོད།
ཐེངས་འདིར་ཡང་མདོ་ལའི་ཡུལ་ཆབ་དཔལ་རིག་གསུམ་གཙོར་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ། མཆམ་མཐུན་མཉམ་གནས། མདོ་ལའི་རི་ཆུ་ནགས་གསུམ་གྱི་མཛེས་པ་སོགས་ལ་བསྟོད་བསྔགས་བྱས་ནས་མདོ་ལའི་ཐུན་མོང་མ་ཡིན་པའི་ས་བབ་རིག་གནས་དང་ལོ་རྒྱུས་རིག་གནས། དམངས་སྲོལ་རིག་གནས་སོགས་དྲིལ་སྒྲོག་རྒྱ་ཆེན་བྱས་ཡོད།