གླུ་བ་བསྟན་འཛིན་ཟླ་བའི་གླུ་གཞས་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-12
ཀློག་གྲངས།:
གླུ་བ་བསྟན་འཛིན་ཟླ་བའི་གླུ་གཞས་ཆེད་བསྒྲིགས་ཐོག་མ་སྟེ《དམ་བཅའ》ཞེས་པའི་འགྲེམ་སྤེལ་པར་རིས།
ན་གཞོན་གླུ་བ་བསྟན་འཛིན་ཟླ་བ་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ་སྟེ《དམ་བཅའ》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་རེད།
གླུ་བ་བསྟན་འཛིན་ཟླ་བ་ལགས་ནི་ཁྱུང་པོ་སྟེང་ཆེན་ནས་ཡིན་ཞིང་། དགེ་རྒན་གྱི་མཛུབ་སྟོན་འོག ཁོང་གིས་གླུ་གཞས་ཀྱི་གཞུང་ལུགས་དང་ལག་ལེན་ཤེས་བྱར་ཧུར་ཐག་སྦྱངས་པ་བྱས་པར་མ་ཟད། ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་དབྱངས་རྟ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་མངོན་པར་མཚོན་པས། ཀུན་གྱི་ཁས་ལེན་དང་དགའ་མོས་ཐོབ་དང་འཐོབ་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།