ན་གཞོན་གླུ་མ་རྣམ་རྒྱལ་ཆོས་མཚོའི་གླུ་གཞས་ཆེད་བསྒྲིགས་གཉིས་པ《ཨ་ཞང་ཚོ》འགྲེམ་སྤེལ་བྱས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-26
ཀློག་གྲངས།:
ན་གཞོན་གླུ་མ་རྣམ་རྒྱལ་ཆོས་མཚོའི་གླུ་གཞས་ཆེད་བསྒྲིགས་གཉིས་པ《ཨ་ཞང་ཚོ》འགྲེམ་སྤེལ་བྱས་པ།
ཉེ་ཆར། མཚོ་སྔོན་ཡུལ་ཤུལ་གྱི་ན་གཞོན་གླུ་མ་རྣམ་རྒྱལ་ཆོས་མཚོ་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས་གཉིས་པ《ཨ་ཞང་ཚོ》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་ཤིང་། དེའི་ནང་དུ《ཨ་ཞང་ཚོ》དང་། 《ཀོང་པོའི་ཆང་གཞས》། 《ང་ཡི་ཕ་ཡུལ》སོགས་སྒྲ་འཛིན་དབང་བོའི་བཅུད་འཕྲོག་པར་བྱེད་པའི་གླུ་གཞས་འགའ་གཞས་མོས་པ་རྣམས་ཀྱི་སྙན་ལམ་དུ་ཕུལ་ཡོད་པ་རེད།
གླུ་མ་རྣམ་རྒྱལ་ཆོས་མཚོའི་དེ་སྔར་འགྲེམ་སྤེལ་བྱས་པའི་གླུ་གཞས་ཆེད་བསྒྲིགས་དང་པོ་སྟེ《ལུ་གུ་མེ་ཏོག》ཅེས་པར་རྒྱ་ཆེའི་བོད་དམངས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
ན་གཞོན་གླུ་མ་རྣམ་རྒྱལ་ཆོས་མཚོ།
འབྲེལ་ཡོད་འོས་སྦྱོར།