logo

གླུ་བ་བཀྲ་ཤིས་ཉི་མ2013ལོའི་གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-08 ཀློག་གྲངས།:


གླུ་བ་བཀྲ་ཤིས་ཉི་མ2013ལོའི་གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས།

        ཉེ་ལམ།  གདན་ཞུ་བྱས་པ་ལྟར་བོད་རིགས་གླུ་བ་བཀྲ་ཤིས་ཉི་མ་ཀྲུང་གོའི་མིང་གྲགས་གླུ་བ་གླུ་མ་གཞན་དག་དང་ལྷན་དུ2013ལོའི་གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས་ཤིང་། གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་ནི་ཟླ10བའི་ཚེས25ཉིན་ནས་ཚེས29བར་ཡུན་ནན་ལེ་ཅང་ཡུའུ་ལོང་རྫོང་འཛམ་གླིང་དྲན་ཤེས་ཤུལ་བཞག་སྤྱི་གླིང་དུ་སྤེལ་རྒྱུ་ཡིན་པ་རེད།

གླུ་བ་བཀྲ་ཤིས་ཉི་མ2013ལོའི་གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས།
གླུ་བ་བཀྲ་ཤིས་ཉི་མ།

        གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་ནི2002ལོ་ནས་སྤེལ་མགོ་བརྩམས་ཤིང་། རྒྱལ་ནང་དུ་ཆེས་སྔ་བ་མ་ཟད་ཀྲུང་གོའི་ཆེས་མཛེས་པའི་ཁྱིམ་ཕྱིའི་རོལ་མོ་དུས་ཆེན་ཆེ་གྲས་ཤིག་རེད། ད་ལྟའི་བར་སྐབས5ལ་སྤེལ་ཡོད་པ་དང་། ད་སྔའི་རྒྱལ་ནང་རོལ་མོ་དུས་ཆེན་གྱི་རྣམ་པ་ཇི་ལྟར་བཏོད་བ་ནི་གངས་རིའི་རོལ་མོ་དུས་ཆེན་གཙོ་སྒྲུབ་ཕྱོགས་ཀྱིས་དངོས་གནས་འདང་རྒྱག་དགོས་པའི་གནད་དོན་ཞིག་ཏུ་ངེས། 2013ལོའི་གངས་རིའི་རོལ་མོ་སྒྱུ་རྩལ་དུས་ཆེན་ལས་གསར་སྐྲུན་གྱི་རྣམ་པ་གསར་བ་མངོན་ཞིང་། འཁྲབ་སྟོན་གྱི་དུས་སུ། འཛམ་གླིང་རོལ་མོ་དང་དེང་རབས་སྒྱུ་རྩལ་གྱི་ཆ་དག་ཡོངས་སུ་སྦྱར་ཏེ། འཛམ་གླིང་རོལ་མོ་དང་དེང་རབས་སྒྱུ་རྩལ་ལྷན་བསྐྱོད་མངོན་འགྱུར་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།