རྡོ་རྗེ་རྒྱལ་དང་ཚེ་རིང་དབང་མོའི་ཕ་སྐད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-04
ཀློག་གྲངས།:
གླུ་བ་རྡོ་རྗེ་རྒྱལ་དང་གླུ་མ་ཚེ་རིང་དབང་མོའི་ཕ་སྐད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《བརྩེ་དུང་གི་དམ་བཅའ》།
ཉེ་ཆར། བོད་ཀྱི་གསར་སྐྱེས་གླུ་བ་རྡོ་རྗེ་རྒྱལ་དང་གླུ་མ་ཚེ་རིང་དབང་མོའི་ཕ་སྐད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མ《བརྩེ་དུང་གི་དམ་བཅའ》ཞེས་པ་འགྲེམ་སྤེལ་བྱས་པ་རེད།
གླུ་བ་རྡོ་རྗེ་རྒྱལ་དང་གླུ་མ་ཚེ་རིང་དབང་མོ་གཉིས་ནི་རེབ་གོང་གསེར་མོ་ལྗོངས་ནས་ཡིན་ཞིང་། ཁོང་གཉིས2010ལོའི་ཇོ་མོ་གླང་མའི་གཟི་འོད་ཞེས་པའི་མདོ་ཁམས་ཀྱི་རིག་རྩལ་སྤྲོ་ཚོགས་ཆེན་མོའི་སྟེང་ཞུགས་མྱོང་བར་མ་ཟད། 《ཆུང་འདྲིས་བྱམས་པ》དང《སྐལ་བཟང་མེ་ཏོག》སོགས་ཀྱི་གླུ་གཞས་ལ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།