logo

ཉི་མ་རོལ་ཚོགས་ཀྱིས་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་མི་འགྱངས་པར་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-17 ཀློག་གྲངས།:

尼玛乐队将进行“那一世的情歌”致敬仓央嘉措专场全国巡演

  རྒྱུས་ལོན་བྱུང་བ་ལྟར་ན་ཉི་མ་རོལ་ཚོགས་ཀྱིས་མི་འགྱངས་པར་ཧྲང་ཧེ་དང་། ཧང་ཀྲིག  ཁྲིན་ཏུའུ། ཁྲུང་ཆིན། ཁོན་མིན། པེ་ཅིང་སོགས་སུ་སྐོར་བསྐྱོད་འཁྲབ་སྟོན་སྤེལ་རྒྱུ་ཡིན་ཞིང་། ཁོང་ཚོས་བཤད་རྒྱུར། ཐེངས་འདིའི་སྐོར་བསྐྱོད་འཁྲབ་སྟོན་ཁྲོད་དཀའ་ཁག་མི་ཉུང་བ་ཞིག་འཕྲད་ངེས་ལ། རྒྱལ་ཡོངས་ཀྱི་མི་རིགས་གཞན་རྣམས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རོལ་ཆས་དང་བོད་ཀྱི་དམངས་ཁྲོད་གླུ་གཞས་སོགས་ལས་གྲུབ་པའི་ལེགས་སྐྱེས་ཤིག་ཕུལ་བའི་ཁར། ལྷག་བསམ་དྲོན་མོ་ལས་བྱུང་བའི་གླུ་སྐད་བརྒྱུད་ནས་དད་མོས་ཀྱི་ཤུགས་སྟོབས་དྲག་པོ་དེ་གྲོང་ཁྱེར་རེ་རེར་བརྒྱུད་སྤེལ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།