གདུགས་དཀར་ཡག་གིསCCTV“དཀར་འོད་ལམ་ཆེན”ལེ་ཚན་གྱི་ཟླ་འདིའི་ཨང་དང་པོ་བླངས།
གླུ་བ་གདུགས་དཀར་ཡག་གིསCCTV“དཀར་འོད་ལམ་ཆེན”ལེ་ཚན་གྱི་ཟླ་འདིའི་ཨང་དང་པོ་བླངས།
ཉེ་ཆར། བོད་རིགས་གླུ་བ་གསར་བ་གདུགས་དཀར་ཡག་ཀྲུང་དབྱང་བརྙན་འཕྲིན་ཁང“དཀར་འོད་ལམ་ཆེན”ལེ་ཚན་གྱི་ཟླ་འགྲན་དུ་ཞུགས་ཤིང་། གླུ་མ་དབང་མོས་འགྲན་ར་དངོས་སུ་རམ་འདེགས་བྱས་པ་སྟེ། ཐེངས་འདིར་མོས་རམ་འདེགས་སྐུ་མགྲོན་གྱི་ཐོབ་ཐང་གིས་གར་སྟེགས་སུ་བུད་དེ་ལོ་དུ་མའི་རིང་གི་གྲོགས་པོ་གདུགས་དཀར་ཡག་ལ་རམ་འདེགས་བྱས་ལ། མཐར་གདུགས་དཀར་ཡག་གིས་ཟླ་འདིའི་ཨང་དང་པོ་བླངས་པ་རེད།
གླུ་མ་དབང་མོས་གླུ་བ་གདུགས་དཀར་ཡག་ལ་རམ་འདེགས་བྱེད་པ།
དེ་སྔོན་མོ་རང་གིས་འབད་བརྩོན་བྱས་མྱོང་བའི་གར་སྟེགས་འདིར་ཡང་བསྐྱར་འབུད་དུས་གླུ་མ་དབང་མོར་མྱོང་ཚོར་སྣ་ཚོགས་འདུག་ལ། ཐེངས་འདིར་འགྲན་ཞུགས་པའི་ཐོབ་ཐང་མ་ཡིན་པའི་ཁར་རྒྱུས་ཆེ་བའི་གར་སྟེགས་འདི་རུ་དེ་སྔ་བཞིན་དངངས་ཚུབ་མི་འདུག་པར་གཙོ་ཆེར་གླུ་བ་གདུགས་དཀར་ཡག་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན། གླུ་བ་གདུགས་དཀར་ཡག་དང་གླུ་མ་དབང་མོས་བླངས་པའི་གླུ་གཞས་དག་ཡུལ་དངོས་གཟིགས་མོ་བ་ལྷན་རྒྱས་ཀྱིས་ཤིན་ཏུ་སྙན་པར་འདོད་ཅིང་དགའ་བསུ་ཆེན་པོ་ཐོབ།