logo

ཉི་མའི་རོལ་ཚོགས་ཀྱིས་ནང་སོག“འཛམ་གླིང་གླུ་ཚོགས”སུ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-01 ཀློག་གྲངས།:

ཉི་མའི་རོལ་ཚོགས་ཀྱིས་ནང་སོག“འཛམ་གླིང་གླུ་ཚོགས”སུ་འཁྲབ་སྟོན་བྱས་པ།
ཉི་མའི་རོལ་ཚོགས།

        ཟླ6པའི་ཚེས28ཉིན་ནས་ཚེས30བར། ཧུའུ་ཧི་ཧོ་ཐུའུ་གྲོང་ཁྱེར་ཨུ་ཡོན་དང་གྲོང་ཁྱེར་སྲིད་གཞུང་། ནང་སོག་རྩྭ་ཐང་རིག་གནས་སྲུང་སྐྱོང་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཅས་མཉམ་འབྲེལ་སྒོས་སྒྲུབ་པའི“འཛམ་གླིང་གླུ་ཚོགས”ཁག་གཉིས་པ་ཧུའུ་ཧི་ཧོ་ཐུའུ་ཧྲིའི་ཅེ་རྩྭ་ཐང་རིག་གནས་གླིང་དུ་སྤེལ།

        རྒྱུས་ལོན་བྱུང་བ་ལྟར་ན། གཙོ་ལེན་པ་པདྨ་བསམ་གྲུབ་དང་། རྔ་རྡུང་མཁན་མགོན་པོ་དབང་རྒྱལ། སྒྲ་བརྙན་པ་སྟག་ལྷ་ཚེ་རིང་བཅས་ཀྱིས་གྲུབ་པའི་ཉི་མའི་རོལ་ཚོགས་ཀྱང་ནང་སོག་འཛམ་གླིང་གླུ་ཚོགས་སུ་ཞུགས་ཏེ་འཁྲབ་སྟོན་ལེགས་པོ་བྱས་ལ། ཨར་ལེན་དང་། ཁ་ན་ཏ། ཐུའུ་ཝ། ཡ་མེ་ཉི་ཡ་སོགས་རྒྱལ་ཁབ་ཀྱི་ཐུན་མིན་མི་རིགས་རོལ་མོ་དང་རང་རྒྱལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་རོལ་མོ་ཕན་ཚུན་གདོང་གཏུག་སྒོས་སྤྲོ་ཚོགས་ལ་ཁ་དབུགས་ལེགས་པོ་བསྐྱེད་བྱུང་།

 


འབྲེལ་ཡོད་འོས་སྦྱོར།