དབང་འདུས་ཕུན་ཚོགས་ཀྱི་ཆེད་བསྒྲིགས《གནམ་མཚོ》ཞེས་པ་གྲ་སྒྲིག་བྱེད་བཞིན་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-08
ཀློག་གྲངས།:
ན་གཞོན་གླུ་བ་དབང་འདུས་ཕུན་ཚོགས་ཀྱི་ཆེད་བསྒྲིགས་ཐོག་མ《གནམ་མཚོ》ཞེས་པའི་མདུན་ཤོག
ན་གཞོན་གླུ་བ་དབང་འདུས་ཕུན་ཚོགས་ཀྱི་ཆེད་བསྒྲིགས་ཐོག་མ《གནམ་མཚོ》ཞེས་པའི་ནང་ངོས།
ཉེ་ཆར་ཀྲུང་གོའི་བོད་གླུ་འགྲན་ཚོགས2011ལོའི་རྒྱལ་ཡོངས་ཀྱི་རྩེ་གྲས་མི་བཅུའི་ཁོངས་སུ་ཡོད་པའི་ན་གཞོན་གླུ་བ་དབང་འདུས་ཕུན་ཚོགས་ཀྱི་ཆེད་བསྒྲིགས་ཐོག་མ《གནམ་མཚོ》ཞེས་པ་ད་ལྟ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ཞིང་། མིག་སྔར་ཆེད་བསྒྲིགས་ཁྲོད་ཀྱི་གླུ་གཞས10ཕབ་བསྐྲུན་བྱས་ཚར་པ་རེད།
《80རྗེས་ཀྱི་བདེ་སྐྱིད》ཅེས་པ་ནི་ཆེད་བསྒྲིགས་འདིའི་ཁྲོད་ཀྱི་གླུ་གཞས་གསར་པ་གསར་རྐྱང་ཞིག་ཡིན་ཏེ། གཙོ་བོ80རྗེས་ཀྱི་བོད་ལྗོངས་སློབ་ཆེན་གྱི་སློབ་མས་མ་འོངས་པའི་ཕུགས་འདུན་གྱི་ཆེད་དུ་བརྩོན་པ་ལྷུར་ལེན་བྱས་མཐར་སྦྱངས་འབྲས་ལེགས་པོ་བླངས་ནས་ཕ་མར་དྲིན་ལན་འཇལ་བའི་ཚུལ་བརྗོད་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།