གདུགས་དཀར་ཚེ་རིང་གི་གཞས་གསར《འོད་སྣང》iTunesསྟེང་དུ་བཀྲམ་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-02-03
ཀློག་གྲངས།:
གདུགས་དཀར་ཚེ་རིང་གི་གཞས་གསར《འོད་སྣང》itunesསྟེང་དུ་བཀྲམ་པ།
ཉེ་ལམ། གདུགས་དཀར་ཚེ་རིང་གི་རྐྱང་གཞས་གསར་བ《འོད་སྣང》ཅེས་པitunesསྟེང་དུ་བཀྲམ་ཡོད་ཅིང་། དེ་ནི་བོད་ཀྱི་གླུ་མ་གཡང་ཕྱུག་འཚོ་དང་མཉམ་འབྲེལ་སྒོས་ལྷན་དུ་བླངས་པ་ཞིག་ཡིན་ལ། རྒྱུས་ལོན་པ་ལྟར་ན། ཟླ2པའི་ཚེས4ཉིན་རྒྱལ་ནང་དུ་ཞིན་ལཱང་དྲ་བ་དང་ཐིན་ཞུན་དྲ་བ། དེ་མིན་དྲ་རྒྱའི་སྨྱན་བྱད་གཞན་དག་ལ་བརྒྱུད་དེ་གླུ་གཞས་འདི་གཏོང་རྒྱུ་ཡིན་པ་དང་། mvབོད་སྐད་པར་གཞིའང་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་གི་ཕྱི་དྲོའི་ཆུ་ཚོད6དང་། ཚེས་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད11སྟེང་མཚོ་སྔོན་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ལེ་ཚན་དང་ཁམས་པའི་བརྙན་ཁང་སོགས་སུ་བསྟུད་མར་གཏོང་རྒྱུ་ཡིན་པ་རེད།
ཟུར་བཤད།
iphoneལག་འཁྱེར་ཁ་པར་སྤྱོད་མཁན་དག་གིས་གཤམ་གྱི་དྲ་གནས་འདིར་བརྒྱུད་དེ《འོད་སྣང》ཅེས་པའི་གླུ་གཞས་འདི་འཚོལ་ཐུབ།
དྲ་གནས།
འབྲེལ་ཡོད་འོས་སྦྱོར།