logo

གླུ་བ་བསོད་ནམས་བཀྲ་ཤིས་ཀྱི་ཆེད་བསྒྲིགས་གསར་བ《ཕ་ཡུལ་གྱི་བུ་མོ》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-14 ཀློག་གྲངས།:


ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས།

        ཟླ12པའི་ཚེས12ཉིན། གླུ་བ་བསོད་ནམས་བཀྲ་ཤིས་ཀྱི་ཆེད་བསྒྲིགས་གསར་བ《ཕ་ཡུལ་གྱི་བུ་མོ》ཞེས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། ཁོས་ཡུལ་དངོས་སུ་ལེགས་བདམས་གླུ་གཞས་གསར་བ་གསུམ་ཕུལ་བ་དང་། ཁོང་གི་སློབ་དཔོན་གཡུང་དྲུང་རྒྱལ་དང་གླུ་གཞས་ཁྱབ་ཁོངས་ཀྱི་གྲོགས་པོ་དག་གིས་ཀྱང་རྟེན་འབྲེལ་གྱི་གླུ་གཞས་བླངས་ལ། དེ་ལས་ཀྱང་ཆེས་སེམས་འགུག་ཐེབས་པ་ནི་བསོད་ནམས་བཀྲ་ཤིས་ཀྱི་ཕ་མ་གཉིས་ཀྱིས་ཕུལ་བའི་བརྙན་ཕབ་འཕྲུལ་ཆསVCRཡིན་ཏེ། ལོ་གང་མང་རིང་གཞན་ཡུལ་དུ་འཚོ་བའི་དབང་གིས་ཁོས་ཡུལ་དངོས་སུ་སེམས་འགུག་དྲག་པོ་ཐེབས་པའི་རྣམ་འགྱུར་དབང་མེད་དུ་བསྟན་བྱུང་།

གླུ་བ་བསོད་ནམས་བཀྲ་ཤིས་ཀྱི་ཆེད་བསྒྲིགས་གསར་བ《ཕ་ཡུལ་གྱི་བུ་མོ》འགྲེམ་སྤེལ་བྱས་པ།
གླུ་བ་བསོད་ནམས་བཀྲ་ཤིས་ཀྱིས་གཞས་ཕུལ་བཞིན་པ།

        ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས་སུ་བསོད་ནམས་བཀྲ་ཤིས་ཀྱིས་མཚམས་སྦྱོར་ལྟར་ན། ཆེད་བསྒྲིགས་ཀྱི་ཕུལ་བྱུང་གླུ་གཞས《ཕ་ཡུལ་གྱི་བུ་མོ》ཞེས་པ་ནི་ཁོ་བོ་དང《བུ་མོ། ང་ཁྱེད་ལ་དུངས》ཞེས་པའི་ཚིག་རྩོམ་མཁན་ཡུའུ་ཆི་ཤཱང་གཉིས་ཀྱི་མཉམ་འབྲེལ་བྱེད་ཐེངས་གཉིས་པ་ཡིན་ལ། ལོ་དུ་མར་གཞན་ཡུལ་དུ་འཚོ་བའི་དབང་གིས་ཕ་ཡུལ་དྲན་པའི་གདུང་ཤུགས་དང་བསྡོངས་ནས་གླུ་གཞས་འདི་ཕབ་པ་དང་། འདི་ལས་བསོད་ནམས་བཀྲ་ཤིས་ཁོ་དང་འདྲ་བའི་གཞན་ཡུལ་དུ་བརྩོན་པའི་མི་གང་མང་གི་དྲན་གདུང་རིང་མོ་བླངས་ཡོད་པ་རེད།

གླུ་བ་བསོད་ནམས་བཀྲ་ཤིས་ཀྱི་ཆེད་བསྒྲིགས་གསར་བ《ཕ་ཡུལ་གྱི་བུ་མོ》འགྲེམ་སྤེལ་བྱས་པ།
གླུ་བ་བསོད་ནམས་བཀྲ་ཤིས་ལ་བཅར་འདྲི་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།