logo

གླུ་མ་འཇམ་དབྱངས་སྒྲོལ་མས་བོད་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རིགས་ལ་གཞོལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-21 ཀློག་གྲངས།:

གླུ་མ་འཇམ་དབྱངས་སྒྲོལ་མས་བོད་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རིགས་ལ་གཞོལ།
གླུ་མ་འཇམ་དབྱངས་སྒྲོལ་མ།

         ཉེ་ལམ་གླུ་མ་འཇམ་དབྱངས་སྒྲོལ་མའི་ཟིན་ཕྲན་དག་ལས་རྒྱུས་ལོན་པ་ལྟར་ན། ཁོ་མོ་མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རིགས་ལ་གཞོལ་གྱི་ཡོད་ཅིང་།  གླུ་གཞས་ཀྱི་ལས་ལ་བརྩོན་ཞོར་དུ་མི་འགྱངས་པར་སྨྱན་བྱད་ལས་རིགས་དང་གཞས་དུངས་གྲོགས་པོ་རྣམས་ལ“ལི་ཧྲི་ཁ་བཏགས་ལྗང་ཁུ། མཚོ་བོད་མཐོ་སྒང་ལྗང་མདོག་འཆར་འགོད”ཅེས་པའི་བྱ་འགུལ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པ་དང་། སྤྱི་ཚོགས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་སྐུལ་སློང་བྱས་ཏེ་བྱང་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་དང་། སྔར་ལས་ལྷག་པར་སྤྱི་ཚོགས་ནུས་ཤུགས་གང་མང“ལི་ཧྲི་ཁ་བཏགས་ལྗང་ཁུ”ཞེས་པའི་བྱ་འགུལ་འདིར་ཟབ་ཞུགས་སྒོས་མཐོ་སྒང་སྐྱེ་ཁམས་མྱུར་སྐྱོབ་དང་མཚོ་བོད་མཐོ་སྒང་ལྗང་མདོག་ཁྱིམ་གཞིས་སླར་གསོ་བྱེད་པར་སྐུལ་གྱི་འདུག


འབྲེལ་ཡོད་འོས་སྦྱོར།