logo

མཚོ་སྔོན་ཞིང་ཆེན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རོལ་དབྱངས་སྤྲོ་ཚོགས་རྐང་ཚ་རུ་སྤེལ་མུས་ཡོད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-27 ཀློག་གྲངས།:

མཚོ་སྔོན་ཞིང་ཆེན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རོལ་དབྱངས་སྤྲོ་ཚོགས་རྐང་ཚ་རུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རོལ་དབྱངས་སྤྲོ་ཚོགས་རྐང་ཚ་རུ་སྤེལ་མུས་ཡོད།

         ཟླ6པའི་ཚེས28ཉིན།  ཀྲུང་གུང་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རོལ་དབྱངས་སྤྲོ་ཚོགས་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བོད་གྲོང་འཁྲབ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་དང་།  མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས།  རོལ་དབྱངས་པའི་མཐུན་ཚོགས། བྲོ་གར་པའི་མཐུན་ཚོགས། ཡིག་གཟུགས་པའི་མཐུན་ཚོགས། པར་མཁན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་ཕྱི་ནང་གི་མིང་གྲགས་ཡིག་གཟུགས་མཁས་པ། ཚངས་དབྱངས་རྒྱ་མཚོའི་རྩོམ་རིག་ཆེད་མཁས་པ་རྣམས་ཐེངས་འདིའི་རོལ་དབྱངས་སྤྲོ་ཚོགས་སུ་ཞུགས་ངེས་རེད།
         ཐེངས་འདིའི་རོལ་དབྱངས་སྤྲོ་ཚོགས་ནི་གླུ་གར་མཐུན་སྦྱོར་བྱེད་པ་གཞི་བྱས་ཏེ་གླུ་ལེན་གཙོར་འཛིན་པའི་རྣམ་པ་སྤྱད་ཅིང་། ཆེད་དུ་ཡར་དུང་དང་།  དབྱངས་ཅན་ལྷ་མཛེས། ཉི་མ་ལྷ་མོ་སོགས་མིང་དུ་གྲགས་པའི་བོད་རིགས་གླུ་བ་གླུ་མ་རྣམས་གདན་འདྲེན་ཞུས་ཡོད་ལ། སྐབས་གཉིས་པའི་རོལ་དབྱངས་སྤྲོ་ཚོགས་འདིའི་སྟེང་། སྐུ་མགྲོན་དང་འཁྲབ་སྟོན་པའི“ས་གདན་དམར་པོ”ནང་ཞུགས་མཛད་སྒོའང་སྤེལ་རྒྱུ་ཡིན་པ་རེད།
         བོད་ཡིག་དང་རྒྱ་ཡིག   སོག་ཡིག   དབྱིན་ཡིག་བཅས་ཡིག་རིགས་བཞིའི་ལམ་ནས་བྲིས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བརྗོད་བྱ་གཙོ་བོར་བཟུང་བའི“མཚོ་སྔོན་ཞིང་ཆེན་ཚངས་དབྱངས་རྒྱ་མཚོའི་ཡིག་གཟུགས་གདན་འདྲེན་འགྲེམ་སྟོན”སྤེལ་བ་དང་ཆབས་ཅིག   ཐེངས་འདིའི་རོལ་དབྱངས་སྤྲོ་ཚོགས་སུ་ད་དུང“མཚོ་སྔོན་པོ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞིབ་འཇུག་ཚོགས་པ”དང“ཚངས་དབྱངས་རྒྱ་མཚོའི་དཔེ་ཁང”འཛུགས་པ་དང་། ཚངས་དབྱངས་རྒྱ་མཚོའི་རྩོམ་རིག་བརྩམས་ཆོས་ལེགས་སྐྱེས་སུ་ཕུལ་བའི་མཛད་སྒོའང་བསྡུ་རྒྱུ་ཡིན་པ་རེད།
         མཚོ་སྔོན་པོ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རོལ་དབྱངས་སྤྲོ་ཚོགས་སྤེལ་བ་འདི་ནི་གཙོ་ཆེར་རྐང་ཚ་རྫོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པར་བྱེད་པ་དང་། གཏིང་ཟབ་པའི་སྒོ་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་མཚན་བྱང་སྐྲུན་པ།  མཐོ་སྒང་མཚོ་འགྲམ་བོད་གྲོང་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་ཡིན། 


འབྲེལ་ཡོད་འོས་སྦྱོར།