༄༅།།ཐང་དཀར་རོལ་ཚོགས་ཀྱི་གླུ་གཞས་ཆེད་བསྒྲིགས《ཐང་དཀར》ཞེས་པ་དངོས་སུ་བཀྲམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་ལོང་སྒྲ་མཛོད།
དུས་ཚོད།:2019-12-26
ཀློག་གྲངས།:
སྤྱི་ཟླ12པའི་ཚེས25ཉིན། མདོ་སྨད་ཆོས་ཀྱི་ཞིང་ས། དམངས་ཁྲོད་རིག་གནས་ཀྱི་ཚན་ཁ་འབར་སའི་ཉི་མ་བླ་བྲང་གི་ཕང་བ་དྲོན་མོར། སྲོལ་རྒྱུན་རིག་གནས་ལ་དུངས་བ་ཆེ་ཞིང་། རྒྱུད་འཛིན་དར་སྤེལ་ལ་འབད་པ་རྩེ་གཅིག་ཏུ་གཞོལ་བའི་ཐང་དཀར་རོལ་ཚོགས་ཀྱིས་རི་ཁ་བའི་ལྗོངས་ཀྱི་མི་རབས་བརྒྱུད་པའི་དབྱངས་རྟ་སྙན་མོ་འགའ་དང་། ཁོང་ཅག་རོལ་ཚོགས་ཀྱིས་གསར་རྩོམ་གནང་པའི་གཞས་གསར་འགའ་ཕྱོགས་གཅིག་ཏུ་དྲིལ་ནས། ཐང་དཀར་ཞེས་པའི་གླུ་གཞས་ཆེད་སྒྲིག་ཅིག་གྲུབ་སྟེ། ཨ་ལོང་སྒྲ་མཛོད་སོགས་དྲ་བའི་སྨྱན་བྱད་ཁྲོད་བཀྲམས་པ་ལ་རྟེན་འབྲེལ་ཞུ།
ཐང་དཀར་རོལ་ཚོགས།
རོལ་ཚོགས་འདི་ནི་བོད་ཀྱི་རོལ་མོ་བའམ་རྡུང་ལེན་པ་ཁོ་བསྟན་དང་། རམ་དཀྲོལ་བ་བན་དེ་སྒོམ། རྡུང་ལེན་པ་རྡོ་རྗེ་ཚེ་བརྟན། གཞས་པ་མགོན་པོ། ཞབས་བྲོ་མཁན་གསང་བདག་བཅས་མི་ལྔས་གྲུབ་པ་ཞིག་ཡིན། རོལ་ཚོགས་ཀྱི་ཁྱད་ཆོས་ནི་སྲོལ་རྒྱུན་དབྱངས་རྟ་དུ་མར་བོད་ཀྱི་རོལ་ཆས་གཙོ་བྱས་ཏེ་རོལ་མོ་གསར་བཟོ་དང་། སྡེབ་སྦྱོར་གསར་སྒྲིག་བྱེད་ཀྱིན་ཡོད་པ་དེ་ཡིན།རོལ་ཚོགས་ཀྱི་སྐད་ཆར། ངེད་ཅག་ནི་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་རྗེས་འཇུག་པ་རྐྱང་བ་ཡིན། སྒྲ་སྙན་རྡུང་ལེན་ནི་གཙང་བོ་རེད་ལ་རྒྱ་མཚོ་ཡང་རེད་པས། ང་ཅག་ནི་གསེར་ཉ་དང་དུང་ཉ་རེད་ལ། སྒྲ་སྙན་རྡུང་ལེན་ནི་ས་གཞི་རེད་ལ་རི་རབ་ཀྱང་རེད་པས། ངེད་ཅག་ནི་གསེར་བྱ་དང་དུང་བྱ་ཡང་རེད་འདུག མདོར་ན། སྒྲ་སྙན་རྡུང་ལེན་ལ་ཟུར་བརྒྱ་དང་བརྒྱད་ཡོད་པར་བྱས་ན། ངེད་ཅག་ནི་ཕྱོགས་བཞི་མཚམས་བརྒྱད་གང་རུང་ཞིག་གི་ཟུར་ཁ་དེ་རེད་འདོད།
གླུ་གཞས་ཀྱི་དཀར་ཆགགར་ལ་འགྲོ།
ཁ་བ་གངས་ཀྱི་མེ་ཏོག
ཆང་གཞས།
ཆོས་ལ་བཟང་པོ།
ཨེ་མ་ཡང་གཅིག་སོ།
ཤར་ཕྱོགས་རྒྱ་མཚོའི་གླིང་ནས།
རི་ཡག་པ།
དུང་རིའི་གནས་མགུར།
ལྡ་མ་ལ་ལྡེམ།
ཨ་རིག་མ།
སྐྱེས་སྐར་བསུ་གླུ།
ཐང་དཀར་རྒོད་པོ།
དུང་རིའི་གནས་མགུར།
ཚིག སྐལ་བཟང་ཐུབ་བསྟན་དབང་ཕྱུག
དབྱངས། རྣམ་ཐར་གྱི་དབྱངས་རྟ།
གཞས་པ། ཐང་དཀར་རོལ་ཚོགས།
གསོན་དང་ལགས། དབྱངས། རྣམ་ཐར་གྱི་དབྱངས་རྟ།
གཞས་པ། ཐང་དཀར་རོལ་ཚོགས།
རྒྱལ་ཁམས་ཆུ་བཞིན་ཉུལ་བ་ཡི།།
བླ་གཟུགས་ཀ་ཝ་བྷ་དྲ་ངས།།
བཞོན་པའི་ལུས་པོ་ནག་པ་འདིས།
ཆོས་ཉིད་འགྱུར་བ་མེད་པར་མཚོན།།
གསོན་དང་ལགས།
རྨིག་བཞི་དུང་ལྟར་དཀར་བ་འདིས།།
སེམས་ཉིད་ལྷག་བསམ་དཀར་བ་མཚོན།།
འགྲོས་ལྡན་རྟ་ལ་ཞོན་པ་འདིས།།
དུང་རིར་མྱུར་ཏུ་མཇལ་འདོད་མཚོན།།
གསོན་དང་ལགས།
མཚོན་པ་གསུམ་གྱི་གླུ་ཆུང་འདི།།
དེ་རིང་བློ་ལ་ཤར་ནས་བླངས།།
དཀོན་མཆོག་གསུམ་དང་གནས་ཀྱི་མཐུས།།
ཚེ་ལྷག་དོན་ལྡན་ཡོང་བར་སྨོན།།
འབྲེལ་ཡོད་འོས་སྦྱོར།
