༄༅།།དིང་རིའི་ལྷོ་གཞས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-28
ཀློག་གྲངས།:
དིང་རི་ནི་གླང་འཁོར་ཞེས་པའི་དོན་ཡིན་ཞིང་། ཤོད་རྒྱུན་ལ་བླ་མ་ཞིག་གིས་རྡོ་དབྱུགས་གནང་སྟེ་ཏིང་ཞེས་པའི་སྒྲ་བྱུང་ནས་ས་དེར་ལྷུང་བར་གྲགས་སོ།། དིང་རི་རྫོང་ནི་བོད་ལྗོངས་ཀྱི་ལྷོ་ཕྱོགས་དང་རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་དུ་གནས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་ཞིག་ཡིན། དེའི་མངའ་ཁོངས་སུ་རི་བོ་ཧི་མ་ལ་ཡ་དང་ལྷ་རྒོད་གངས་རི་གནས་ཡོད་པ་མ་ཟད། འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའང་གནས་ཡོད། དེར་བརྟེན་དིང་རི་ཞེས་པའི་གནས་དེར་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ཡིད་སྨོན་བྱེད་ལ་སྙན་པའི་གྲགས་པའང་ཕྱོགས་བཅུར་ཁྱབ་ཡོད།
དིང་རིའི་ལྷོ་གཞས་ནི་བོད་ལྗོངས་གཞིས་ཀ་རྩེའི་དིང་རི་རྫོང་གི་དམངས་ཁྲོད་དུ་རང་དགར་རྩེད་བཞིན་པའི་གླུ་གར་ཞིག་ཡིན་ཞིང་། དེ་ནི་གནའ་ཉམས་དོད་ཅིང་བློ་གཤོག་ཆེ་བ་དང་། སེམས་ལྷོད་ལ་བབ་ཆགས་པ་བཅས་ཀྱི་སྤྲོ་སེམས་འཁོལ་བའི་ས་མཐོའི་ཁྱད་ཆོས་ལྡན་ཡོད། དེ་ནི་སྟོད་གཞས་ཀྱི་རིགས་སུ་གཏོགས་པས། རྒྱུན་དུ་ལྷོ་རྒྱུད་ཀྱི་སྟོད་གཞས་ཞེས་འབོད་ཅིང་། དེའི་རམ་འདེགས་རོལ་ཆ་ནི་སྒྲ་སྙན་དང་རྒྱུད་སྐུད་གསུམ་ལྡན་གྱི་རོལ་ཆས་རམ་འདེགས་བྱེད་པ་དང་། ཤས་ཆེ་བ་ནི་ཆིག་སྡེབ་ཆིག་དབྱངས་བྱེད་པ་དེའོ།། རོལ་ཆ་དེ་གཉིས་ནི་དིང་རིའི་ལྷོ་གཞས་ཀྱི་གལ་ཆེའི་རྒྱུར་གྱུར་ཡོད་པས། ཞབས་བྲོ་ཧྲིལ་པོའི་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་པ་སྨྲོས་མེད་ལགས། དེར་བརྟེན་ལྷོ་གཞས་ལ་མང་ཚོགས་ཀྱིས་སྒྲ་སྙན་ཞབས་བྲོ་ཞེས་སྒྲ་སྙན་གྱིས་རམ་འདེགས་བྱེད་པའི་ཞབས་བྲོ་ཡིན་པའི་དོན་ཡང་མཚོན་ནོ།།
རོལ་མོའི་སྒྲིག་གཞི་ནས་བལྟས་ན། དེ་སྤྱིར་རིགས་གསུམ་དུ་དབྱེ་བ་ཡིན་ཏེ། གཅིག་ནས་དལ་གཞས་མགྱོགས་གཞས་སུ་གྲུབ་པ་ཞིག་དང་། གཉིས་ནས་དལ་གཞས་ནས་མགྱོགས་གཞས་སུ་གྲུབ་པ་ཞིག གསུམ་ནས་མགྱོགས་གཞས་རྐྱང་མའི་རྣམ་པར་གྲུབ་པ་ཞིག་ཡིན། གླུ་གཞས་ཀྱི་རོལ་མོའི་ཁྲོད་ལྷུག་གཞས་ཤས་ཆེ་བའི་སྣང་ཚུལ་ཐོན་པའང་རང་རྒྱལ་མི་རིགས་རོལ་མོའི་ནང་ན་མཐོང་དཀོན་པ་ཞིག་ཡིན། འཁྲབ་སྟོན་བྱེད་ཐབས་ནས་བཤད་ན། ལྷོ་གཞས་འཁྲབ་སྟོན་བྱེད་སྐབས་སྒྲ་གདངས་གསལ་ལ་རྒྱན་གོས་ཉུང་བས་དེ་ཙམ་འཆོར་པོ་མེད་པ་དང་། གཞས་ཀྱི་སྒྲ་གདངས་ཅུང་ལྕི་བ། སྐད་གསང་མཐོན་པོས་ལེན་ཅིང་འཁྲབ་པ་ཡིན་ཏེ། སྤྱིར་དིང་རིའི་ལྷོ་གཞས་ནི་ཐུན་མོང་དུ་ལེན་པ་དང་། དལ་གཞས་རྐྱང་གཏོང་དང་འཚམ་པར་འཁྲབ་ལེན་བྱེད་པ་ཡིན།
ལྷོ་གཞས་ནི་སྟོད་གཞས་ཀྱི་རིགས་ཤིག་ཡིན་ཞིང་། དེའང་ལྷོ་བྱང་ལུགས་གཉིས་སུ་ཕྱེ་བ་ལས་དིང་རིའི་ལྷོ་གཞས་ནི་ལྷོ་ལུགས་སུ་གཏོགས་པ་ཡིན། ལྷོ་བྱང་ལུགས་གཉིས་སུ་ཕྱེ་དོན་གང་ཡིན་ཞེ་ན། དེ་ནི་སྔར་ཡོད་གང་ཞིག་ཡིན་ཀྱང་ཞབས་བྲོའི་ལུགས་སུ་བརྩི་ཡི་མེད། «དབུས་གཙང་གནའ་ཤུལ་གྲགས་ཅན་གྱི་རྩེད་རའི་དཀར་ཆག»ནང་དུ། ལ་སྟོད་ཀྱི་གོམས་སྲོལ་དུ་ལྷ་རྩེ་ནས་གཙོས་ནུབ་ཕྱོགས་ས་ཁུལ་ཁག་ལ་ལ་སྟོད་ཅེས་འབོད་ཅིང་། ལ་སྟོད་ནི་ལྷོ་བྱང་ཁུལ་གཉིས་སུ་དབྱེ་སྟེ། ངམ་རིང་གིས་ལྟེ་བར་བྱས་པའི་ཁུལ་དེར་ལ་སྟོད་བྱང་ཡིན་པ་དང་། དིང་རི་ཤེལ་དཀར་གྱིས་ལྟེ་བར་བྱས་པའི་ཁུལ་དེར་ལ་སྟོད་ལྷོ་རུ་བྱས། དེའི་ནང་ལྷ་རྩེ་གཙོས་ནུབ་ཕྱོགས་ཀྱི་ས་ཆ་ཁག་དང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་ཆར་གཏོགས། དེས་ན་དིང་རི་དང་ལྷ་རྩེ་ཁུལ་སོ་སོར་ཁྱད་ཆོས་དང་ལྡན་པའི་གླུ་གར་རེ་ཡོད་པས། དེ་རྒྱུད་ས་ཁམས་ཀྱི་བཀོད་པའང་ལྷོ་བྱང་ལུགས་གཉིས་སུ་ཕྱེ་ཞེས་འཁོད་དོ།། སྟོད་གཞས་ཞེས་པ་ནི་སྟོད་ས་ཁུལ་ནས་བྱུང་མོད། འོན་ཀྱང་དེའི་འབྱུང་ཁུངས་དངོས་ནི་མངའ་རིས་རྩ་མདའ་དང་སྤུ་ཧྲེང་རྫོང་གཉིས་ཀྱི་དམངས་ཁྲོད་སྒོར་གཞས་ཤིག་ཡིན། ད་ལྟའི་ལྷོ་གཞས་ཀྱི་གོམ་སྟབས་དང་འགུལ་སྟངས་ནས་དབྱེ་ཞིབ་བྱས་ན། ད་ལྟའང་མངའ་རིས་སྒོར་གཞས་ཀྱི་གོམ་སྟབས་དང་། ལུས་སྟོད་ཀྱི་རྨང་གཞིའི་སྟངས་སྟབས་ལ་སོགས་རྗེས་འཛིན་བྱས་ཡོད།
གཞན་ཡང་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ནས་བལྟས་ན། མཐོ་བོད་རྒྱལ་རབས་ཁ་ཐོར་ཕྱིན་རྗེས་ས་ཁུལ་ཁག་གིས་སྲིད་འཛིན་བཙན་བཟུང་བྱེད་པ་ལས། སྤྱི་ལོའི་དུས་རབས་བཅུ་པར་མངའ་རིས་ས་ཁུལ་གུ་གེ་རྒྱལ་པོའི་སྟོབས་ཤུགས་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་པ་མངོན་ཡོད། དེར་བརྟེན་དེའི་རྒྱུད་ཀྱི་སྲིད་འབྱོར་རིག་གསུམ་ལ་སོགས་གང་ཐད་དུ་འཕེལ་རྒྱས་ཆེ་ཙམ་ཡིན་པ་དང་། སྐབས་དེར་གར་དང་། ཤོན། སེང་རྩེད། སྒོར་གཞས། འབྲོང་རྩེད་ལ་སོགས་པའི་གླུ་གར་གྱི་རིགས་ཀྱང་མཆིས། ད་དུང་རྩ་མདའ་རྒྱུད་ཀྱི་སྒོར་གཞས་ཀྱང་སྒྲ་སྙན་གྱིས་རམ་འདེགས་བྱེད་པ་དང་། མངའ་རིས་གུ་གེའི་ཤུལ་བཞག་གི་ལྷ་ཁང་དམར་པོའི་གཡོན་ངོས་ཀྱི་ལྡེབས་རིས་ཆེན་མོའི་ཐོག་ཞིབ་ཅིང་ཕྲ་བར་འཁོད་ཡོད།
སྤྱི་ལོའི་དུས་རབས་བཅུ་གསུམ་པར་ས་སྐྱའི་སྲིད་དབང་སྤེལ་འགོ་ཚུགས་ཤིང་། དེ་ནས་རིམ་གྱིས་བོད་ལྗོངས་དང་མེས་རྒྱལ་ནང་སའི་དཔལ་འབྱོར་དང་རིག་གནས་བརྗེ་རེས་དང་འཕེལ་རྒྱས་བཏང་བའི་སྟབས་ཀྱིས། ས་སྐྱ་དང་ལྷ་རྩེའི་རྒྱུད་ཀྱི་ས་ཆ་རྣམས་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད། མི་རིགས་ཁག་དབར་གྱི་རིག་གནས་བརྗེ་རེས་དང་དཔལ་འབྱོར་འཕེལ་རྒྱས་བྱུང་བས། དམངས་ཁྲོད་གླུ་གར་གྱི་སྒྱུ་རྩལ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་ཡོད་ཅིང་། དེ་དུས་ཉེ་འཁོར་གྱི་དིང་རིའི་དཔལ་འབྱོར་དང་རིག་གནས་ཀྱང་སྐུལ་འདེད་ཀྱིས་འཕེལ་རྒྱས་ཕྱིན་ཡོད། ས་དེ་གའི་ཤོད་རྒྱུན་ལ། རྒན་རབས་ཚོས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སྐབས་དིང་རིའི་སྒོར་གཞས་ནི་སྒྲ་སྙན་རམ་འདེགས་བྱེད་པ་ཡིན། ཞེས་པ་དང་། གཙང་པ་སྡེ་སྲིད་པའི་སྲིད་དབང་བསྒྱུར་སྐབས་རྒྱུན་དུ་མངའ་རིས་ས་ཁུལ་གྱི་གླུ་གར་སྒྱུ་རྩལ་པ་ཁག་དབུས་གཙང་དུ་མངགས་པ་ལྟར་ཕེབས་ནས་གླུ་གར་འཁྲབ་ལེན་བྱེད་པ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི «མིག་ཡིད་རྣ་བའི་དགའ་སྟོན»ཞེས་པའི་ནང་དུའང་། སྙན་འཇེབས་ཡིད་དབང་འཕྲོག་པའི་རོལ་མོའི་ནང་ནས་གྲགས་ཅན་གཞས་གདངས་སུ་ངོས་འཛིན་བྱུང་བ་ནི་མངའ་རིས་ཆོས་རྒྱལ་གསུམ་གྱི་དུས་སུ་ཁེ་ས་མི་དང་། འབྲོག་ཁུལ། མོན་ཁུལ་ལ་སོགས་ནས་ནང་འདྲེན་བྱས་པ་དང་། སྤྲོ་སྣང་ལྡན་པའི་ཁུལ་དེའི་གླུ་གར་གཙང་པ་སྡེ་སྲིད་ཀྱི་བཀའ་མངགས་ལྟར། སྐྱིད་སྟོད་པ་དང་། པ་ལེགས། སྐྱིད་གུ་དོན་གྲུབ། མུ་འོད། ཕྱུག་བཟང་ལ་སོགས་ཀྱིས་གསར་གཏོད་དང་འཕེལ་རྒྱས་བཏང་བ་དང་། ཕྱིས་སུ་སྟོད་ཁུལ་གྱི་གྲགས་ཅན་རོལ་དབྱངས་མཁས་པ་སྐོར་ཅིག་དང་རོལ་མོར་བྱང་བ་ཕུར་བུ་བཀྲ་ཤིས་ལ་སོགས་ཀྱིས་སྔར་བཞིན་འཁྲབ་སྟོན་བྱེད། ཅེས་འཁོད་འདུག དེར་བརྟེན་སྟོད་གཞས་ཀྱི་ཞབས་བྲོའི་འབྱུང་ཁུངས་དེའང་མངའ་རིས་ཡིན་པ་དང་། དེ་ནས་རིམ་གྱིས་ས་སྐྱ་དང་། དིང་རི། ལྷ་རྩེ། ལྷ་ས་ལ་སོགས་པའི་ས་ཆར་དར་བ་ཡིན་ནོ། །
སྟོད་གཞས་ཀྱི་རམ་འདེགས་རོལ་ཆ་ནི་སྒྲ་སྙན་ཡིན་ཞིང་། དེ་བྱུང་བའི་དུས་ཚོད་དང་ས་ཆའི་སྐོར་ལ་ཤོད་ཚུལ་མི་འདྲ་བ་འབའ་ཞིག་མཆིས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི «མིག་ཡིད་རྣ་བའི་དགའ་སྟོན»ནང་དུ་མངའ་རིས་ཀྱི་སྒྲ་སྙན་ཞེས་འཁོད་པ་དང་། རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་མཛད་པའི «རྡོ་རིང་པཎྡི་ཏའི་རྣམ་ཐར»ནང་དུའང་མངའ་རིས་ཀྱི་སྒྲ་སྙན་ཞེས་འཁོད་འདུག དེ་ལྟར་གྲགས་ཅན་ལོ་རྒྱུས་མི་སྣ་ཚོས་སྒྲ་སྙན་ཞེས་གླེང་སྐབས་མངའ་རིས་ཞེས་ཡིག་འབྲུ་གཉིས་མདུན་དུ་བསྣོན་པ་དེས་སྒྲ་སྙན་གྱི་འབྱུང་ཁུངས་མངའ་རིས་ས་ཁུལ་ཡིན་པ་ནི་ཀུན་གྱིས་དོགས་པ་བྱེད་པའི་ཡུལ་ལས་འདས་སོ། དེང་སྐབས་སྟོད་གཞས་ནི་གངས་ལྗོངས་ས་མཐོ་ཡོངས་སུ་ཁྱབ་ཅིང་དར་བའི་དམངས་ཁྲོད་གླུ་གར་ཞིག་ཡིན། དེ་ནི་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་ཁྲོམ་ལམ་དང་གྲོ་སྙེའི་རྦ་རླབས་ལང་ལོང་དུ་གཡོ་བའི་བོད་ལྷོ་ཕྱོགས་ཀྱི་གཤོང་སའི་གཡུལ་ཁ། ད་དུང་འབྱོར་ཕྱུག་ལྡན་པའི་བོད་བྱང་ཐང་གི་རྩྭ་ཐང་བཅས་གང་སར་སྙན་འཇེབས་ཡིད་དབང་འཕྲོག་པའི་སྟོད་གཞས་ཀྱི་གླུ་སྒྲ་དང་། ཡང་ཤ་དོད་པའི་གོམ་སྒྲས་ཁེངས་ཡོད། དེའི་ནང་གཞོན་ནུ་དང་དར་མ་ཙམ་མ་ཟད། རྒན་རྒོན་དང་བྱིས་པ་ཚོས་ཀྱང་ཧ་ཅང་མཉེས་པོ་བྱེད་པའི་གླུ་གར་ཞིག་ཀྱང་ཡིན།
དིང་རིའི་ལྷོ་གཞས་འཁྲབ་སྟོན་བྱེད་པའི་དུས་ཚོད་དང་ས་གནས་ནི། ལོ་གསར་གྱི་ཚེས་པ་གཅིག་དང་གཉིས་ཉིན་ནང་མི་མཉམ་འཛོམས་ངང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཚེས་པ་གསུམ་ཉིན་རྟ་མདའ་ཞེས་རྟ་རྒྱུགས་བྱེད་སྒོ་གཟབ་རྒྱས་སྤེལ་བར་ཕྱྭ་གཡང་ཞེས་སུ་འབོད་ཅིང་། དེའི་སྐབས་མི་ཚོས་གཟབ་མཆོར་རྒྱས་པར་སྤྲས་ཏེ་ཆང་དང་ཞལ་ཟས་སྣ་ཚོགས་འཁྱེར་ནས་རྟ་རྒྱུགས་ར་བར་བསྐྱོད་དེ། རྟ་རྒྱུགས་མ་བཏང་གོང་བུད་མེད་ཚོས་རྟ་པར་ཁ་བཏགས་སྒྲོན་པ་དང་མཆོད་ཆང་བཏེགས་པར་བྱེད་དོ། འགྲན་བསྡུར་སྐབས་མདའ་བརྡར་བསྟུན་ནས་རྟ་ཕོ་མཉམ་རྒྱུགས་བྱེད་དེ། གཟེངས་བསྟོད་ཐོབ་པར་ཁ་བཏགས་སྒྲོན་པ་དང་མཆོད་ཆང་བཏེགས་བཞིན་བྱ་དགའ་ཡང་སྤྲོད་པའོ། རྣམ་གྲངས་རྐྱང་པའི་འགྲན་བསྡུར་བྱེད་སྐབས་རྟར་བཞོན་ཞིང་ལག་ཏུ་མདའ་གཞུ་ཐོགས་ནས་རྒྱུགས་འགྲོ་བ་དང་། དུས་མཚུངས་འབེན་ཐོག་ཏུ་མདའ་འཕོང་བར་བྱེད་པ་དང་། ཡང་རྟ་ཐོག་ཏུ་རྙོག་འཛིང་ཆེ་ལ་སྐྱི་གཡའ་བའི་བྱ་འགུལ་སྣ་ཚོགས་ཀྱང་རྩེད་ཀྱི་ཡོད་ལ། དགོང་མོ་མི་རྣམས་མཉམ་འཛོམས་སུ་ལྷོ་གཞས་དང་དམངས་ཁྲོད་ཀྱི་གླུ་གར་འཁྲབ་ཀྱི་ཡོད། བོད་ཟླ་བཞི་པའི་ཚེས་པ་བཅུ་བཞི་དང་བཅོ་ལྔའི་ཉིན་ཆར་འབེབ་དུས་ཆེན་གཏོང་ཞིང་། ཞོགས་པ་མི་སོ་སོས་ཟས་རིགས་ལ་སོགས་མང་པོ་འཁྱེར་ཏེ་རི་རྩེའམ་ལྷ་ཁང་དུ་བསང་ཁ་བསང་གསོལ་བྱེད་པར་འགྲོ་བ་དང་། དེ་རྗེས་ཚང་མ་རྟ་རྒྱུགས་ར་བར་འཛོམས་ཤིང་རྟ་རྒྱུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་ཡིན། ལོ་འདིར་ཆར་ཆུ་རྒྱས་ཤིང་ལོ་ལེགས་འོང་རྒྱུར་དམིགས་ཏེ། དགོང་མོ་དགའ་སྤྲོའི་ངང་ནས་ལྷན་འཛོམས་སུ་ལྷོ་གཞས་ལ་སོགས་པའི་གླུ་གར་འཁྲབ་པའོ།། ཡང་ལོ་འདིར་ཆར་ཆུ་འབེལ་བ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་ཕྱུགས་ནད་མི་འོང་ཕྱིར་བོད་ཟླ་ལྔ་པར་ཚེས་བཟང་དུས་བཟང་ཞིག་བདམས་ནས་ཆོས་སྐོར་དུས་ཆེན་གཏོང་ཞིང་། དེའི་ཞོགས་པར་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ། སྒལ་པར་གསུང་ཆོས་པུ་ཏི་བསྣམས་ཤིང་སྙེ་མའི་རྦ་རླབས་ལང་ལོང་དུ་ཕྱུར་བའི་ལོ་ཏོག་སྟེང་ཡུག་ཙམ་ཡུག་ཙམ་བྱེད་པ་དང་། དགོང་དྲོ་གྲོང་ཁྱིམ་གྱི་ཉེ་འགྲམ་དུ་ལོག་འོང་ནས་བཟའ་བཏུང་བྱེད་པ་དང་སྦྲགས་མཚན་ཡོངས་ལ་སྟོད་གཞས་འཁྲབ་ལེན་བྱེད་སྲོལ་ཡོད། ཤོད་རྒྱུན་ལ་སྐར་འོད་ཆུ་བོར་འཕྲོ་བའི་སྐབས་དེའི་ཆུས་ནད་སེལ་བའི་ནུས་པ་ཡོད་པ་དང་། འཆམ་ནད་སོགས་སྔོན་འགོག་བྱེད་ཐུབ་པའི་ཕན་ནུས་ཤོད་པ་ལྟར། བོད་ཟླ་བདུན་པར་སྐར་མ་རི་ཥི་སྟེ་ཆུ་འཕྲུལ་དུས་ཆེན་གཏོང་ཞིང་། མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་གཙང་འགྲམ་དུ་འོང་ནས་ལུས་འཁྲུ་བར་འགྲོ་བ་ཡིན། དེ་རྗེས་གྲོང་ཚོའི་ནང་ཕྱིར་ལོག་ཏེ་ལྷོ་གཞས་འཁྲབ་བཞིན་གང་དགའ་གང་སྐྱིད་དུ་རོལ་ལོ། ཡང་དབྱར་དུས་སུ་ཚེས་བཟང་དུས་བཟང་ཞིག་བདམས་ནས་ཕག་རྙིང་ཞེས་དབྱར་སྐྱིད་གཏོང་ཞིང་། མང་ཚོགས་རྣམས་མ་འབོད་མགྲོན་བཞིན་བཟའ་བཏུང་བསྣམས་ཏེ་ཕེབས་ནས་མཉམ་འཛོམས་ཀྱིས་གླིང་གར་རོལ་བ་དང་། དགོང་མོ་དེར་གང་དགའ་གང་སྐྱིད་ངང་ལྷོ་གཞས་འཁྲབ་པར་བྱེད་དོ།།
གཞན་ཡང་དིང་རི་རྫོང་རྩྭ་སྒོར་ཤང་དུ་ཡ་མཚན་ཆེ་བའི་དུས་ཆེན་ཞིག་གཏོང་སྲོལ་ཡོད་དེ། ལོ་ལྟར་བོད་ཟླ་ལྔ་པའི་ཚེས་པ་ལྔ་ནས་བདུན་བར་ཀླུ་གདན་འདྲེན་ཞེས་ཉིན་གསུམ་གཏོང་བ་ཡིན། སྒྱུ་རྩལ་པ་རྟ་མགྲིན་སོགས་ཀྱིས་བཤད་པ་ལྟར་ན། ཀླུ་གདན་འདྲེན་ཞུ་བའི་དུས་ཆེན་དེ་འདྲར་ཤོད་རྒྱུན་ཞིག་ཡོད་དེ། ཀླུ་ནི་རྩྭ་སྒོར་ཤང་གི་ས་དེར་བཙན་བཙན་ཨ་ཕ་ཡོན་ཏན་གྱི་ཆུང་མ་ཡིན་ཞིང་། ཁོང་ལོ་རེའི་དགུན་ཁར་ཀླུའི་ཕོ་བྲང་ནས་ལོག་བཞིན་ལོ་ལྟར་གྱི་དབྱར་ཁར་མི་ཡུལ་གྱི་རྩྭ་སྒོར་ཤང་དུ་ཕེབས་པ་ཡིན་པས། ལོ་ལྟར་དུས་དེར་རྩྭ་སྒོར་ཤང་དུ་ཀླུ་གདན་འདྲེན་ཞུ་བའི་གོམས་སྲོལ་ཞིག་ཡོད་ཅིང་ད་ལྟའང་སྤེལ་བཞིན་ཡོད་ལ། གྲོང་ཚོའི་བུད་མེད་རྣམས་གཟབ་མཆོར་རྒྱས་པར་སྤྲས་ཏེ་བཟའ་བཏུང་སྣ་ཚོགས་བསྣམས་ཤིང་། གཏན་འཁེལ་བྱས་པའི་ཀླུ་གདན་འདྲེན་ཞུ་སར་བསྐྱོད་དེ་བསང་ཁ་བསང་གསོལ་བྱེད་པ་དང་། ཀླུ་གདན་འདྲེན་ཞུ་བའི་གཞས་ཀྱང་བཏང་ནས་གཟབ་རྒྱས་ངང་རོལ་ལོ། སྐབས་དེའི་གཞས་ཚིག་གི་ནང་དོན་ཡང་ལྷ་རི་ལྷ་ཆུར་བསྟོད་པ་དང་། ནོར་ལུག་ཤ་ཤེད་རྒྱས་པ་དང་ལོ་ཕྱུགས་རྟག་བརྟན་འོང་བར་སྨོན་འདུན་ཞུ་བ་སོགས་སོ། ཤོད་རྒྱུན་ལ་སྐབས་དེར་ལྷ་དེ་བུད་མེད་ཅིག་གི་ལུས་སྟེང་དུ་བཞུགས་ཤིང་གང་སར་རྒྱུགས་བཞིན་མཆིས་པས། དེར་འཚོགས་བུད་མེད་ཚང་མའང་གང་སར་རྒྱུགས་པ་དེས་ཀྱང་ཀླུ་རང་རང་གི་གྲོང་ཚོར་གདན་འདྲེན་ཞུ་ཐུབ་པ་མཚོན་ནོ།། སྒྱུ་རྩལ་པ་རྟ་མགྲིན་གྱིས་བཤད་པ་ལྟར་ན། ལྷ་ཁོག་ཞུགས་ཀྱི་བུད་མེད་དེས་ཚང་མར་ལོ་འདིའི་ཆར་ཆུ་བཟང་ངན་སོགས་སྔོན་བརྟག་ཀྱིས་ཤོད་ཀྱི་ཡོད། ཡང་ཤོད་རྒྱུན་ལ་ལྷ་ཁོག་ཞུགས་ཀྱི་བུད་མེད་དེ་རྒྱུན་པར་ཀླུ་གཞས་མི་ཤེས་ཀྱང་ལྷ་ཁོག་ཏུ་ཞུགས་མ་ཐག་ཀླུ་གཞས་གཏོང་ཤེས་པར་གསུངས་སོ།།
ལོ་གསར་ཚེས་པ་དྲུག་གི་ཞོགས་པར་གྲོང་ཚོའི་བུད་མེད་ཡོངས་ཀྱིས་གཟབ་མཆོར་རྒྱས་པར་སྤྲས་ཏེ་བཟའ་བཏུང་སྣ་འཛོམས་བསྣམས་ཤིང་། ཀླུ་གདན་འདྲེན་ཞུ་སར་བསང་ཁ་བསང་གསོལ་བྱེད་པ་དང་། གླུ་ལེན་གར་རྩེད་ཀྱི་རྣམ་པས་སྨོན་འདུན་ཞུ་བ་དང་། དེ་ནས་ཚེས་པ་བདུན་གྱི་ཞོགས་པར་བུད་མེད་རྣམས་ཀྱང་སླར་ཡང་ཀླུ་གདན་འདྲེན་ཞུ་སར་བསྐྱོད་དེ་བསང་ཁ་བསང་གསོལ་བྱེད་པ། སྐྱེས་པ་ཚོས་ཀྱང་ལྷ་གསོལ་བྱེད་སར་བསྐྱོད་བཞིན་བསང་ཁ་བསང་གསོལ་བྱེད་དོ།། དགོང་དྲོ་སྐྱེས་པ་ཚོས་རྟ་བཞོན་ཏེ་རྔམ་བརྗིད་ལྡན་པའི་ངང་གྲོང་ཚོར་ལོག་འོང་ནས་ཚང་མ་ལྷན་འཛོམས་སུ་ལྷོ་གཞས་སོགས་དམངས་ཁྲོད་གླུ་གར་འཁྲབ་བཞིན་མཚན་གུང་ཙམ་དུ་སྡོད་པ་དེས་ལོ་འདིའི་ཀླུ་གདན་འདྲེན་ཞུ་བའི་དུས་ཆེན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་མཚོན་ནོ།། ལྷོ་གཞས་དང་གོང་སྨྲོས་ཀྱི་དུས་བཟང་ལ་འཁྲབ་སྟོན་བྱེད་པ་ཕུད། ལོ་ལྟར་དིང་རི་ཤེལ་དཀར་རྫོང་གི་རྫོང་དཔོན་ཁྱིམ་དུ་ལྷན་འཛོམས་བྱེད་སྐབས་སུའང་ལྷོ་གཞས་དང་རྒྱ་གཞས་འཁྲབ་ནས་ཁོང་ཚོའི་མིག་གི་ལོངས་སྤྱོད་དུ་ཕུལ་ལོ། །
དིང་རིའི་ལྷོ་གཞས་ཀྱི་རྨང་གཞིའི་སྟངས་སྟབས་སམ་ཁྱད་ཆོས་ཏེ། རྨང་གཞིའི་སྟངས་སྟབས་ནི་གོམ་གཉིས་གཉིས་བཅགས་དང་། རྒྱབ་བཤིག་གཡོན་བསྐོར། རྐང་པ་ནང་ཕྲ། རྐང་པ་ཕྱི་ཕྲ། རྒོད་པོའི་གཤོག་རྒྱ། དཀོན་མཆོག་ཕྱག་འབུལ། སྐེད་པའི་སྐེད་གཟེར། ཡང་ལ་པད་བསྐོར་ལ་སོགས་པ་དང་། རྨང་གཞིའི་ཁྱད་ཆོས་ནི་རང་མོས་རང་བཞིན་དང་། སྤྲོ་སེམས་འཁོལ་བ། གསོན་ཉམས་ལྡན་པ། ཕན་ནུས་ལྡན་པ་དང་བཅས་སོ།།
དིང་རིའི་ལྷོ་གཞས་ཀྱི་འཁྲབ་སྟོན་རྣམ་པའམ་རམ་འདེགས་རོལ་ཆ་ནི། འཁྲབ་སྟོན་བྱེད་པའི་བཟོ་ལྟ་ནི་སྒོར་སྒོར་དང་སྒོར་ཕྱེད་དུ་གྲུབ་ཅིང་། ཕོ་མོ་མཉམ་བསྲེས་ཀྱིས་སྒོར་སྒོར་དུ་གྲུབ་པར་བྱེད་པ་དང་། རམ་འདེགས་རོལ་ཆ་ནི། ཙེའེ་ཙེའེ་དང་སྒྲ་སྙན་འགའ་ཞིག་རམ་འདེགས་སུ་སྤྱོད་པ་དང་། སྒྲ་སྙན་གཏོང་མཁན་གྱིས་རམ་འདེགས་རོལ་ཆ་དཀྲོལ་བ་དང་འཁྲབ་པ། གཞས་སྣ་འཁྲིད་པ་དང་བཅས་པའི་ཕན་ནུས་ཐོན་ལ། རུ་བསྟར་གྱི་དང་པོའམ་ཡང་ན་དབུས་སུ་སྡོད་པ་ཡིན། གདེགས་འཇོག་དང་རུ་བསྟར་འགྱུར་བའི་སྐབས་སུ་གཞས་སྣ་འཁྲིད་མཁན་གྱི་སྐད་ཤུགས་ཆེན་པོས་ལགས་སོ་ཞེས་འབོད་པ་དང་དེ་མ་ཉིད་དུ་རུ་བསྟར་འགྱུར་དགོས་པ་མ་ཟད། འཁྲུག་གཞས་དང་དལ་གཞས་གཉིས་སུ་དབྱེ་ཞིང་། སྔོན་ལ་དལ་གཞས་ཀྱིས་འཁྲབ་ཅིང་གླུ་ལེན་གཙོར་བཟུང་ཐོག རིམ་གྱིས་འཁྲུག་གཞས་ཀྱི་རྣམ་པར་བྱས་ཏེ་རིམ་པ་བསྟར་ཆགས་ཀྱིས་འཁྲབ་ལེན་བྱེད་པ་དང་། ཞབས་བྲོ་བའི་གྲངས་ཚད་མེད་དེ་སྐབས་འགར་བརྒྱར་ལོན་པ་དང་། ཉུང་ཤོས་སུ་བཅུ་གྲངས་ཡོད་པ། རང་མོས་ཀྱིས་འགྲོ་འོང་བྱེད་ཆོག་པ། ཕོ་མོ་རྒན་གཞོན་ཅི་རིགས་བཞུགས་ཆོག་པའོ།།

འབྲེལ་ཡོད་འོས་སྦྱོར།