༄༅།།མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ།

རྩོམ་པ་པོ།:མི་གསལ། དུས་ཚོད།:2020-07-03 ཀློག་གྲངས།:
མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ།
མདོ་འཛིན་པ། རིག་འཛིན་ཐར། ཟླ་བཟང་སྒྲོལ་མ།
སྤྱི་ཟླ7པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་བཅས་ཀྱིས་རྒྱབ་སྐྱོར་འོག་བདེ་ལེགས་ངང་མཇུག་སྒྲིལ།
དཔལ་མཁར་རྒྱལ།
དུང་དཀར་རོལ་ཚོགས།
དབང་ཆེན།
མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ལ་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གྱི་རྡུང་ལེན་པ་ཞུགས་ཡོད་ལ། དཔྱད་འདེམ་པས་འགྲན་ཞུགས་པའི་འགྲན་ཞུགས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་དང་སྒྲ་སྙན་རྡུང་བའི་སོར་མོའི་རྩལ་ཉམས། གླུ་གཞས་བླངས་པའི་སྐད་ངག་གི་འདེགས་འཇོག གར་སྟེགས་སྟེང་ནས་མངོན་པའི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་ཉམས་སྣང་བཅས་ལ་གཞིགས་ནས་དྲང་བདེན་ལུགས་མཐུན་དང་གནད་དུ་འཁེལ་བའི་དཔྱད་བརྗོད་བྱས་པ་བརྒྱུད་འགྲན་ཞུགས་རྡུང་ལེན་པ8བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།
དཔལ་ཆེན་རྡོ་རྗེ།
ཕག་མོ་སྒྲོལ་མ།
ནོར་བུ་དབང་རྒྱལ།
སྒྲོལ་མ།
ཨོ་རྒྱན་ཚེ་རིང་།
དཔྱད་འདེམ་པ། གསང་བདག མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན། 
དཔྱད་འདེམ་པ། ཁོ་བསྟན། ན་གཞོན་རྡུང་ལེན་པ་གྲགས་ཅན། ཐང་དཀར་རོལ་ཚོགས་ཀྱི་སྒྲིག་འཛུགས་པ། བོད་ཀྱི་རོལ་མོ་བ།
འབྲེལ་ཡོད་འོས་སྦྱོར།