མཚོ་ལྷོ་ཁུལ་གྱི་ད་ལོའི་ལོ་སར་དགོང་ཚོགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-17
ཀློག་གྲངས།:
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་རེར་ཆེ་ཆེར་འགྲོ་བཞིན་པའི་རིག་གནས་དགོས་མཁོ་བསྐོང་ཆེད། དམངས་ཁྲོད་རིག་གནས་དང་གཟུགས་འདུས་ཤུལ་བཞག་རིག་གནས་འགྲེམ་ཆེད། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུས་གཙོ་སྒྲུབ་དང་། ཁུལ་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྒྱང་སྒྲོག། ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་སྒྲུབ་འགན་བྱས་པའི་ད་ལོའི་ལོ་སར་དགོང་ཚོགས«བཀྲ་ཤིས་ལོ་བསྟོད»ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།
ཐེངས་འདིའི་དགོང་ཚོགས་ལ་བོད་འབྲེལ་ས་ཁུལ་གྱི་གཞས་པ་གཞས་མ་སྙན་གྲགས་ཅན་སྐོར་ཞིག་གདན་དྲངས་ཏེ། རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པས། རྒྱ་ཆེའི་ལྟད་མོ་བར་ལོ་སར་ལེགས་སྐྱེས་གྱ་ནོན་པ་ཞིག་ཕུལ།
བོད་ཀྱི་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་དང་གཞས་པ་གྲགས་ཅན་གདུགས་དཀར་ཡག
ལོ་སར་དགོང་ཚོགས་འདི་ད་ལོའི་ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་སྐབས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་དང་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ནས་གཏོང་རྒྱུ་ཡིན་ལ། ཐེངས་འདིའི་དགོང་ཚོགས་ལས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་སྒྱུ་རྩལ་སོགས་ལས་རང་སྐྱོང་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པ་དང་མཁར་གྲོང་རྣམ་པ་བཅས་མངོན་ཡོད་ལ། ཁུལ་ཡོངས་ཀྱི་རིགས་སོ་སོས་མཉམ་དུ་འབད་བརྩོན་དང་ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཁྱོན་ཡངས་པའི་གུང་ཧོའི་གཤོང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འབྱོར་ཕྱུག་དང་དཔལ་ཡོན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྱད་ཆོས་མངོན་ཡོད།
འབྲེལ་ཡོད་འོས་སྦྱོར།