ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་བོད་ལུགས་ལོ་སར་བསུ་བའི་གླུ་གཞས་ཆེད་ཚོགས«གཞས་ར་ཁྲ་མོ»འི་བརྙན་ཕབ་ལེགས་པར་གྲུབ།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2025-02-24
ཀློག་གྲངས།:

ཟླ2པའི་ཚེས22ཉིན། ཨ་མདོ་བརྙན་འཕྲིན་དང་སྦྲ་གུར་གླིང་མི་རིགས་འཁྲབ་སྟོན་ལྟེ་གནས་ཀྱིས་མཉམ་དུ་སྒྲུབ་པའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་བོད་ལུགས་ལོ་སར་བསུ་བའི་གླུ་གཞས་ཆེད་ཚོགས«གཞས་ར་ཁྲ་མོ»ཟི་ལིང་གྲོང་ཁྱེར་གྱི་སྦྲ་གུར་གླིང་མི་རིགས་འཁྲབ་སྟོན་ལྟེ་གནས་སུ་བརྙན་ཕབ་ལེགས་འགྲུབ་བྱུང་ལ། གླུ་གཞས་ཆེད་ཚོགས་སུ་སྒྱུ་རྩལ་གྱི་ཕུགས་འདུན་སྙེགས་པའི་བོད་ཀྱི་ན་གཞོན་གཞས་པ་གཞས་མ་སུམ་ཅུ་ལྷག་ཞུགས་ཏེ་བོད་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་ཡོད།

གླུ་གཞས་ཆེད་ཚོགས«གཞས་ར་ཁྲ་མོ»ཞེས་པ་འདི་ད་ལོའི་བོད་ལུགས་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་སོ་སོ་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།

འབྲེལ་ཡོད་འོས་སྦྱོར།