logo

མཚོ་སྔོན་རྩེ་ཁོག་གི་རིག་གནས་ཤུལ་བཞག་སྟེ། ཧོར་ཞང་གི་རྡོ་རྐོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-08-07 ཀློག་གྲངས།:
       ཉེ་ལམ་ཀྲུང་དབྱང་གི་མཚོ་སྔོན་བཅའ་སྡོད་སྨྱན་བྱེད་དང་ཞིང་ཆེན་གྱི་སྨྱན་བྱེད་རྩེ་ཁོག་ཏུ་བསྐྱོད་པའི་གསར་འགོད་པས“རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས”ཞེས་གྲགས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཧོར་ཞང་གྲོང་རྡལ་དུ་བཅར་འདྲི་བྱས།
       ཧོར་ཞང་གི་རྡོ་རྐོས་ནི་རྩེ་ཁོག་རྫོང་གི་ནུབ་ངོས་ན་ཡོད་པའི་ཧོར་གྲོང་རྡལ་དང་ཧོར་སྡེ་བ་ནས་བྱུང་བ་ཡིན་ཞིང་། དེ་ལ་གངས་རིའི་ལྗོངས་སུ་མཚན་སྙན་ཧ་ཅང་ཆེ་བས“རྡོ་རྐོས་སྒྱུ་རྩལ་གྱི་ཕ་ས”དང“མཐོ་སྒང་གི་རྡོ་རྐོས་གྲོང་ཚོ་དང་པོ” “རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྡོ་རྐོས་ཀྱི་དཔེ་སྟོན་གྲོང་ཚོ”ཞེས་པའི་མཚན་སྙན་ཡོད།
       རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་ལས་གཞི་རྩེ་ཁོག་ཧོར་ཞང་རྡོ་རྐོས་ལ། ཐིག་རྐོས་དང་། འབུར་རྐོས། གོར་རྐོས་སོགས་ལག་རྩལ་ཞིབ་ཆ་ལྡན་ལ་སྤུས་ལེགས་པས། བོད་རིག་པ་དང་། བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་ཐད་ལ་རྩ་ཆེ་བའི“རྡོ་དཔེ”ཡི་རྒྱུ་ཆ་འདོན་སྤྲོད་བྱས་ཡོད་པར་མ་ཟད། ད་ལྟ་ཡུལ་དེའི་དམངས་ཕྱུག་ཐོན་ལས་སུ་གྱུར་ཡོད།
       ཧོར་ཞང་གིས་རྡོ་རྐོས་ལག་རྩལ་རྨང་བྱས་པའི་རྡོ་རྐོས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་འོས་འགན་ཁུར་དུ་བླངས་ཏེ། 2009ལོའི་ཟླ8པར་ཧོར་ཞང་གི་རྡོ་རྐོས་སྒྱུ་རྩལ་ཚད་ཡོད་ཀུང་སི་བཙུགས་ཤིང་གཙོ་བོ་རྡོ་རྐོས་ཐོན་རྫས་གསར་སྤེལ་དང་། ཐོན་སྐྱེད་དང་བྲིན་འཚོང་གི་ལས་སྒོ་གཉེར་བཞིན་ཡོད།
       གུ་རུ་རྡོ་རྗེས་གསར་འགོད་པར་འདི་སྐད། རྡོ་རྐོས་སྒྱུ་རྩལ་ཚད་ཡོད་ཀུང་བཙུགས་རྗེས་སུ། འགྲེམ་སྟོན་སྣ་ཚོགས་ནང་ཞུགས་ཏེ་ལས་གཞིའི་ལས་སྒོ་རྒྱ་སྐྱེད་དང་། དྲིལ་སྒྲོག་རྒྱ་ཆེན་དང་ཕྱིར་འཚོང་ཅི་ནུས་བྱས་པས་རྡོ་རྐོས་བཟོ་རྩལ་གྱི་ཐོན་རྫས་རབ་དང་རིམ་པ་ཕྱིར་འཚོང་གི་གན་རྒྱ་བདེ་བླག་ངང་ནས་བཞག རྡོ་རྐོས་ལ་བརྟེན་ནས་དང་ཐོག་ཧོར་ཞང་གི་ཚོ་ཆེན་བཞིའི་ཁྲོད་ཀྱི་ཁྱིམ་ཚང་དབུལ་བོ་རྣམས་ད་ལྟ་ལོངས་སྤྱོད་ཅན་གྱི་ཕྱུག་པོར་ཆགས་ནས་ཡོད་ཟེར།
       ཧོར་ཞང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་རྡལ་གྱི་གྲོང་དཔོན་ཞུའུ་ཞང་ཧྲུན་གྱིས་གསར་འགོད་པར་འདི་སྐད། ད་སྔ་རྡོ་རྐོས་ལག་རྩལ་གྱི་ཐོན་རྫས་ཕྱིར་འཚོང་གི་ཡོང་འབབ་རྣམས་ཧོར་གྲོང་གི་འབྲོག་ཁྱིམ་མང་ཤོས་ཀྱི་ཡོང་སྒོ་གཙོ་བོ་ཡིན་ལ། ཧོར་ཞང་གི་འཚོ་བ་རྟེན་སའི་གཞོགས་འདེགས་ཐོནལས་སུ་གྱུར་ཡོད་པས། ཁྱིམ་ཚང་དབུལ་བོ་མི་ཉུང་བ་ཞིག་དབུལ་བོ་སྒྲོལ་བ་མ་ཟད། གྲོང་ཚོའི་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས།
འབྲེལ་ཡོད་འོས་སྦྱོར།