འབའ་རྫོང་ནག་བཟའི་བྲག་བརྐོས་རི་མོ་གླེང་བ།
རྩོམ་པ་པོ།:སྨན་ཤུལ་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-25
ཀློག་གྲངས།:
དང་པོ། འབའ་རྫོང་ནོར་ལུང་ཞེས་པའི་གནས་ཡུལ་ངོ་སྤྲོད།
ས་བབ་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི3430གིས་ཆོད་པའི་འབའ་རྫོང་ནག་བཟའ་སྡེ་བའི་ནོར་ལུང་མདོའི་ཚན་པ་ལྔ་ཡིས་གྲུབ་པའི་བྲག་བརྐོས་རི་མོ་འདི་ནི། དུས་ནམ་ཞིག་ལ་དབྱར་ཁའི་ཆུ་ལོག་ཅིག་གིས་ས་རྡོ་རྣམས་ཆུས་བྲུས་ཏེ། མཐོ་ཚད་ལ་རྨིད་ལྔ་དྲུག་ཙམ་གྱི་ས་འོག་ནས་ཕྱིར་མངོན་པའི་བྲག་བརྐོས་རི་མོ་ཁག་ཅིག་རེད། སྤྱིའི་ཆ་ནས་རི་མོའི་གྲངས་ཀ་ཉེར་ལྔ་ཙམ་དངོས་སུ་མཐོང་ཐུབ། རི་མོ་འདི་ནི་ང་ཚོ་མཚོ་བོད་མཐོ་སྒང་གི་ཆེས་གནའ་བོའི་བྲག་བརྐོས་རི་མོ་ལས་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁོངས་སུ་གཏོགས་པ་རེད། ལོ་འགའི་ཡར་སྔོན་དུ་རི་མོ་འདི་རྣམས་ཡུལ་འདིའི་ན་གཞོན་ཤེས་ལྡན་པ་ཞིག་གིས་ཡིག་ཐོག་ཏུ་བཀོད་དེ་ཡིག་ལམ་ལ་བཀྲམས་མྱོང་བར་བཤད་ཅིང་། མི་མང་པོ་ཞིག་གི་མཐོང་ལམ་དུ་དར་ཁྱབ་ཆེན་པོ་མ་སོང་བའི་རྐྱེན་གྱིས་ས་གནས་ཀྱི་མི་མང་པོ་ཞིག་ལའང་གསལ་ཆ་ཆེར་མེད་པའི་གནས་སུ་གྱུར་ཡོད། དེའི་སྟབས་ཀྱིས་ང་ཚོས་མུ་མཐུད་ནས་བྲག་བརྐོས་རི་མོ་འདི་རྣམས་ལ་སྲུང་སྐྱོབས་དང་། འདི་ལ་ཞིབ་འཇུག་བྱས་ཏེ་ཆེས་རྩ་ཆེ་བའི་གནའ་ཤུལ་འདིའི་རིགས་མཚན་མོའི་རྨི་ལམ་བཞིན་དུ་ཡལ་མི་འགྲོ་བར་ཁག་ཐེག་བྱ་དགོས་པར་སེམས་སོང་།
གསུམ་པ། བྲག་བརྐོས་རི་མོ་དང་རྫོང་རུའི་གནའ་ཤུལ་བར་གྱི་འབྲེལ་བ།
རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་འབའ་རྫོང་ནག་བཟའི་ས་ཁུལ་གྱི་ཆེས་གནའ་བོའི་བྲག་བརྐོས་རི་མོ་འདི་ལ་གཞན་ལས་ཁྱད་དུ་འཕགས་པའི་རིན་ཐང་ཆེན་པོ་ཞིག་ལྡན་པའི་རྒྱུ་མཚན་ནི། བྲག་བརྐོས་རི་མོ་ཡོད་ས་ནས་མདུན་ཕྱོགས་སུ་སྤྱི་ལེ་བཅུ་ཡས་མས་ཀྱི་མཚམས་ན། ས་འཁོབས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་ལྔའི་ཁྱབ་ཁོངས་སུ་ངོས་འཛིན་གནང་བཞིན་ཡོད་པའི་རྫོང་རུའི་གནའ་ཤུལ་ཡོད། དེ་ནས་ཐོན་པའི་རིག་རྫས་རྣམས་ལ་ཆེད་མཁས་མི་སྣས་ཞིབ་འཇུག་གནང་བ་ལྟར་ན། གནའ་ཤུལ་འདིར་རྡོ་ཆས་གསར་མའི་དུས་རབས་ནས་ཟངས་ཆས་དུས་རབས་ལ་སོགས་དུས་རབས་རིམ་པ་མ་འདྲ་བ་ཁ་ཤས་བརྒྱུད་ཡོད་པ་ཚན་རིག་པས་བརྟག་ཅིང་དཔྱད་པའི་མཐར་འདས་པའི་ལོ་ངོ་དྲུག་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་ཞིབ་འཇུག་གི་ལམ་ནས་ར་སྤྲོད་བྱས་ཡོད་པ་མ་ཟད། སའི་འོག་ནས་ཐོན་པའི་རུས་པ་མང་པོ་ཞིག་ལའང་རི་དྭགས་ཤ་བ་ལ་སོགས་ཀྱི་རུས་པ་ཡིན་པར་ཚན་རིག་གི་ཞིབ་འཇུག་ལས་བདེན་དཔང་གསལ་བོ་གྲུབ་ཡོད། དེ་ལྟར་ན། ཆེས་གནའ་བོའི་དུས་སྐབས་དེར་གནས་འདིའི་ཁོར་ཡུག་ཀུན་ཏུ། མི་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་ནི་རི་དྭགས་ཤ་བ་ལ་སོགས་བརྔོན་ནས་འཚོ་བ་བསྐྱེལ་ཡོད་པའང་གསལ་བོར་རྟོག་ཐུབ། དེའི་རྐྱེན་གྱིས་ནོར་ལུང་གི་བྲག་བརྐོས་རི་མོ་དང་རྫོང་རུའི་གནའ་ཤུལ་གཉི་གའི་བར་ན་འབྲེལ་བ་ངེས་ཅན་ཞིག་ཡོད་པའང་ང་ཚོའི་རིག་པའི་ལམ་ནས་ཚོད་དཔག་བྱེད་ཐུབ་པ་རེད། དེ་མིན་ད་དུང་། ཉེ་འགྲམ་གྱི་མུ་ཡངས་ལུང་བ་ནི། ཆེས་གནའ་བོའི་དུས་སྐབས་ཤིག་ལ། དམུ་ཡི་རིགས་རྒྱུད་ཀྱིས་བདག་བཟུང་བྱས་ཏེ་གནས་བཅོས་པར་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཔྱད་རྩོམ་ཡང་བྲིས་ཡོད། ཕྱོགས་འདི་དག་ལ་བསམ་བློ་ཞིག་ཞིབ་ཏུ་བཏང་ན། ས་གནས་འདི་དང་ཉེ་འཁོར་ཐམས་ཅད་དུ་ཆེས་གནའ་བོའི་དུས་ནས་མིའི་རུ་ཚོགས་རྣམས་གནས་སྡོད་བྱས་ཏེ་རྔོན་ལས་ཀྱི་འཚོ་བ་བསྐྱལ་ས་ཞིག་ཡིན་པ་གསལ་བོར་རྟོག་ཐུབ། སྐབས་དེ་འདྲ་ནས་རིམ་བཞིན་དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་ཁོ་ཚོ་ས་ཆ་གཞན་དག་ཏུ་གནས་སྤོར་བྱས་སོང་ཡང་འཚོ་བའི་རྗེས་ཤུལ་རྣམས་ང་ཚོའི་མིག་ལམ་དུ་དངོས་སུ་མངོན་ཐུབ་པ་འདི་རྣམས་རེད། དེའི་སྟབས་ཀྱིས་མ་འོངས་པ་ན་ཁོ་ཚོ་འཚོ་བཞུགས་ཀྱི་རྗེས་ཤུལ་མང་པོ་ད་དུང་ང་ཚོའི་མིག་ལམ་ལ་མངོན་རྒྱུ་ཡོད་པའང་ཁ་ཚོན་བཅད་དེ་བརྗོད་ཆོག་པར་སྙམ་སོང་།
དེ་བས། ནག་བཟའ་སྡེ་བའི་ནོར་ལུང་གི་བྲག་བརྐོས་རི་མོ་འདི་དག་ལ། མདོ་དབུས་མཐོ་སྒང་རྨ་ཆུའི་སྟོད་རྒྱུད་ཀྱི་བྲག་བརྐོས་རི་མོའི་ཁྱད་ཆོས་ལྡན་ཞིང་། བྱེ་བྲག་གི་གཟུགས་རིས་སྣ་ཚོགས་ལ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་དུ་མཆིས། འདི་དག་རྫོང་རུའི་གནའ་ཤུལ་དང་འབྲེལ་ནས་ང་ཚོས་ཆེས་གནའ་བོའི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་ཐུབ་པ་མ་ཟད། མདོ་དབུས་མཐོ་སྒང་འདིར་ཆེས་གནའ་བོའི་མི་ཚོགས་ཀྱིས་གདོད་མའི་འཚོ་བ་རོལ་སྟངས་རིམ་པར་བརྒྱུད་དེ་འཚོ་ཐབས་གསར་བའི་ལམ་དུ་བརྒལ་ཡོད་པ་ཡང་ཤུགས་ཀྱིས་རྟོགས་ཐུབ་ཅིང་། སྐབས་དེའི་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲལ་ཐབས་མེད་པའི་འཚོ་བའི་རིག་གནས་ཤིག་ཀྱང་ཤུགས་ཀྱིས་མཚོན་ཡོད་པར་སྙམ།
བཞི་བ། རི་མོ་སོ་སོའི་གྲངས་ཀ་སོགས་ངོ་སྤྲོད་རགས་ཙམ།
ང་ཚོའི་མཐོང་ལམ་དུ་དངོས་སུ་མངོན་ཐུབ་པའི་སྣ་འདུས་ཀྱི་རི་མོ་འདི་དག་གི་ཁྲོད་དུ་རྔོན་ལས་བྱེད་མཁན་གཙོ་གྲས་ཀྱི་སྐྱ་མི་བཞི་དང་། རྐང་ཐང་གཅིག ཁྱི་གུ་གསུམ་བཅས་ཚན་པ་གཅིག་དང་། རི་དྭགས་ཀྱི་རིགས་ལ་འབྲོང་གཡག་དྲུག་དང་། ཤྭ་ཕོ་དགུ། ཡུ་མོ་གཅིག ཕག་རྒོད་གཅིག་བཅས་མི་ཁྱི་རི་དྭགས་སོགས་བསྡོམས་པའི་གྲངས་ཀ་ཉེར་ལྔ་ཙམ་ཡོད། དེའི་ཁྲོད་ཀྱི་མི་ཁྱི་རྣམས་ཀྱིས་རྔོན་ལས་ཀྱི་ལས་ཀ་རྐྱང་བ་བྱེད་པ་དང་། རི་དྭགས་རིགས་རྣམས་རང་རང་འཚོ་ཐབས་ཀྱི་གནས་སྟངས་ལ་འབད་ཀྱིན་ཡོད་པའི་རྣམ་པ་མ་འདྲ་བའང་མཚོན་ཡོད། དེ་དག་ལས། ལྷོད་ཡེངས་སུ་གནས་པའི་འབྲོང་གཡག་བཞི་ཡོད་པ་དང་། འདྲོག་ཏེ་འབྲོ་བཞིན་པའི་འབྲོང་རྒོད་གཉིས་དང་ཤྭ་བ་སོགས་བྲག་རྡོ་ཚན་པ་གཉིས་ཀྱི་ཐོག་ཏུ་ཡོད། བྲག་རྡོ་ཚན་པ་ལྔའི་ཐོག་གི་ཤྭ་ཕོ་དགུའི་ཁྲོད་དུ་བག་ཡངས་སུ་གནས་པའི་ཤྭ་ཕོ་ཡོད་ལ་འབྲོ་བཞིན་པའི་ཤྭ་ཕོ་པའང་ཡོད། ཤྭ་ཕོ་དེ་དག་གི་མགོར་སྐྱེས་ཡོད་པའི་རྭ་ཅོའི་རྭ་ལག་གི་མང་ཉུང་ཆ་མི་མཚུངས་ཤིང་། ལ་ལ་རྭ་ལག་བཅུ་དྲུག་ཅན་དང་། ཁ་ཤས་ལ་རྭ་ལག་བཅུ་གཉིས་ཅན། ད་དུང་རྭ་ལག་བརྒྱད་ཅན་བཅས་ཡོད། དེ་དག་གི་ཁྲོད་དུ་ཡུ་མོ་གཅིག་ཡོད། དེ་མིན་ད་དུང་། ཕར་རྒྱུགས་བཞིན་པའི་ཕག་རྒོད་གཅིག་ཀྱང་ཡོད་པ་རེད།
ལྔ་བ། རི་མོ་རེ་རེའི་ཁྱད་ཆོས་དང་ནང་དོན་ལ་བསམ་གཞིགས།
༤ རི་དྭགས་མང་པོའི་ཁྲོད་དུ་ཕག་རྒོད་གཅིག་མ་གཏོགས་མེད། སྐབས་དེ་དུས་ཀྱང་གནས་འདིར་ཕག་རྒོད་མང་པོ་མེད་པ་མཚོན་ཡོད། དེ་ཡང་ཕར་བྲོས་འབྲོ་བཞིན་པའི་རྣམ་པ་འདིས། མི་ཁྱི་གཉིས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཕག་རྒོད་ཀྱང་བརྔོན་ཏེ་རང་རང་གི་ཁ་ཟས་བྱེད་ཀྱིན་ཡོད་པ་བྲག་བརྐོས་རི་མོ་འདི་རྣམས་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་ད་གཟོད་གསལ་རྟོགས་བྱུང་ཐུབ་པ་རེད་སྙམ་མོ། །
སྤྱི་ལོ2023ལོའི་ཟླ11པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་སུ། ང་རང་འབའ་རྫོང་རྫོང་མཁར་ནས་ནུབ་ཕྱོགས་སུ་ལམ་ལ་ཆས་ཏེ་བར་ཐག་ལ་ཧ་ལམ་སྤྱི་ལེ40ལྷག་གི་མཚམས་ན་གནས་པའི་ནག་བཟའ་སྡེ་བའི་ནོར་ལུང་ས་ཁུལ་ན་ཡོད་པའི་བྲག་བརྐོས་རི་མོ་དེར་བལྟ་རུ་ཕྱིན། གནས་དེར་འབྱོར་བ་ན། ནམ་མཁའ་གཡའ་དག་ཅིང་དྲོད་འཇམ་གྱི་ཉི་འོད་ས་གཞི་ཡོངས་ལ་འཕྲོས། གསེར་མདོག་གི་ས་གཞི་ཐམས་ཅད་མཐིང་མདོག་གི་ཁང་བཟང་ན་འཛུམ་དམུལ་དམུལ་གྱིས་ལྷོད་དུ་ཆགས། གནས་འདིའི་གཡས་གཡོན་དང་མདུན་རྒྱབ་ཀྱི་རི་ལུང་ཀུན་ལ་ཞིབ་ཏུ་བལྟས་ན། སྡེ་བ་དེའི་རྟ་ནོར་ལུག་གསུམ་ཐམས་ཅད་བག་ཡངས་སུ་རྒྱུ་བཞིན་རྩྭ་ཐང་འདིའི་ཕྲ་རྒྱན་དུ་གྱུར་ཡོད། གནས་འདིར་གཞིས་ཆགས་པའི་མི་རྣམས་ཀྱིས་བཤད་པ་ཡིན་ན། ནོར་ལུང་ཞེས་པའི་ས་མིང་འདི་ནི་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་གནས་ཡིན་པས་མིང་ཡང་དེ་ལྟར་ཐོགས་ཟེར། ལུང་བ་འདིའི་མཐིལ་ན་ནག་བཟའ་སྡེ་བའི་དུད་ཁྱིམ་འགའ་ཡོད། ཕར་བལྟས་ཚོད་ཀྱིས་ཁོ་ཚོའི་འཚོ་བ་གཡང་ཆགས་ཀྱིས་གནས་ཡོད། ཉེ་འགྲམ་གྱི་བྲག་བརྐོས་རི་མོ་ཡོད་སའི་རྒྱབ་ལོགས་ཀྱི་བྲག་རི་མཐོ་ཞིང་བརྗིད་ལ། མཐའ་སྐོར་རི་ཚོམས་ཀྱིས་ཡོངས་སུ་བསྐོར་ཞིང་། རི་ངོས་སུ་བྲག་རྡོས་ཁེབས་པའི་ལུང་ཤུར་མང་པོ་འདུག ལུང་བའི་མདུན་ཕྱོགས་སུ་བདེ་སྙོམས་ཀྱི་སྣུམ་ལམ་ཞིག་འཕྲེད་ཀྱིས་འཐེན་ཡོད། དེ་ན་འཕྲུལ་རིགས་འགའ་ཤས་དལ་གྱིས་རྒྱུ་བཞིན་ཡོད། རི་ཤོད་ཀྱི་གཡས་འགྲམ་དུ་ཁོད་ཡངས་པའི་དུས་འཁོར་རྩྭ་ཐང་ཆགས་ཤིང་། དེ་ན་ཡང་ནག་བཟའ་སྡེ་བའི་དུད་ཁྱིམ་ཅུང་མང་པོ་ཡོད། འདིར་ཡོད་ཀྱི་རྒན་པ་འགས་བཤད་པ་ལྟར་ན། ཁོ་ཚོ་ཆགས་སའི་གནས་འདིར་སྔོན་ཀྱི་དགྱ་མཁར་དང་གནའ་ཤུལ་མང་པོ་ཡོད་ས་ཡིན་ཟེར། ནོར་ལུང་གི་གཡོན་ཕྱོགས་སུ་རི་རྒྱུད་ཀྱི་མུ་ཁྱུད་ཅིག་ལྷོ་རུ་བསྲིངས་ཏེ་མུ་ཡངས་ལུང་བ་དང་འབྲེལ་ནས་གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་འདྲའི་རྨ་ཀླུང་རིང་མོའི་ཁུག་སོར་བསླེབས་ཡོད། རྨ་ཁུག་འདི་ནི་སྙན་པའི་གྲགས་པ་གང་སར་འཕུར་བའི་རྫོང་རུའི་གནའ་ཤུལ་གྱི་ཕ་ས་རེད། དེ་འདྲའི་ངོ་མཚར་ཞིང་ཉམས་དགའ་བའི་བར་མཚམས་ན་ཁ་ལྷོ་ལྟའི་ནོར་ལུང་ཡོད་ཅིང་། ལུང་བའི་མདོ་ན་བྲག་རྡོ་ཚན་པ་ལྔའི་སྟེང་དུ་བྲག་བརྐོས་རི་མོ་དེ་དག་གསལ་ལྷང་ངེར་མངོན་ཡོད། རི་མོ་འདི་རྣམས་མིག་ལམ་དུ་རྒྱུ་བ་ཙམ་ཀྱིས་དངོས་གནས་ངོ་མཚར་ཞིང་ཡིད་དུ་འོངས་པ་ཞིག་ཡིན་པ་མ་ཟད། དེ་དག་གིས་ང་ཚོ་མིའི་རིགས་ཀྱི་ཆེས་གནའ་བོའི་དུས་སྐབས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་གངས་དཀར་སེམས་ཀྱི་གུར་ནང་ལ་དལ་གྱིས་འཛུལ་ཡོང་།

ནག་བཟའ་སྡེ་བའི་ནོར་ལུང་གི་སྤྱིའི་བཀོད་པ།
གཉིས་པ། བྲག་བརྐོས་རི་མོའི་གནས་ཡུལ་དང་དེ་རྣམས་ཀྱི་སྤྱིའི་རྣམ་པ།ས་བབ་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི3430གིས་ཆོད་པའི་འབའ་རྫོང་ནག་བཟའ་སྡེ་བའི་ནོར་ལུང་མདོའི་ཚན་པ་ལྔ་ཡིས་གྲུབ་པའི་བྲག་བརྐོས་རི་མོ་འདི་ནི། དུས་ནམ་ཞིག་ལ་དབྱར་ཁའི་ཆུ་ལོག་ཅིག་གིས་ས་རྡོ་རྣམས་ཆུས་བྲུས་ཏེ། མཐོ་ཚད་ལ་རྨིད་ལྔ་དྲུག་ཙམ་གྱི་ས་འོག་ནས་ཕྱིར་མངོན་པའི་བྲག་བརྐོས་རི་མོ་ཁག་ཅིག་རེད། སྤྱིའི་ཆ་ནས་རི་མོའི་གྲངས་ཀ་ཉེར་ལྔ་ཙམ་དངོས་སུ་མཐོང་ཐུབ། རི་མོ་འདི་ནི་ང་ཚོ་མཚོ་བོད་མཐོ་སྒང་གི་ཆེས་གནའ་བོའི་བྲག་བརྐོས་རི་མོ་ལས་མཚོ་སྔོན་གྱི་བྲག་བརྐོས་རི་མོའི་ཁོངས་སུ་གཏོགས་པ་རེད། ལོ་འགའི་ཡར་སྔོན་དུ་རི་མོ་འདི་རྣམས་ཡུལ་འདིའི་ན་གཞོན་ཤེས་ལྡན་པ་ཞིག་གིས་ཡིག་ཐོག་ཏུ་བཀོད་དེ་ཡིག་ལམ་ལ་བཀྲམས་མྱོང་བར་བཤད་ཅིང་། མི་མང་པོ་ཞིག་གི་མཐོང་ལམ་དུ་དར་ཁྱབ་ཆེན་པོ་མ་སོང་བའི་རྐྱེན་གྱིས་ས་གནས་ཀྱི་མི་མང་པོ་ཞིག་ལའང་གསལ་ཆ་ཆེར་མེད་པའི་གནས་སུ་གྱུར་ཡོད། དེའི་སྟབས་ཀྱིས་ང་ཚོས་མུ་མཐུད་ནས་བྲག་བརྐོས་རི་མོ་འདི་རྣམས་ལ་སྲུང་སྐྱོབས་དང་། འདི་ལ་ཞིབ་འཇུག་བྱས་ཏེ་ཆེས་རྩ་ཆེ་བའི་གནའ་ཤུལ་འདིའི་རིགས་མཚན་མོའི་རྨི་ལམ་བཞིན་དུ་ཡལ་མི་འགྲོ་བར་ཁག་ཐེག་བྱ་དགོས་པར་སེམས་སོང་།
གསུམ་པ། བྲག་བརྐོས་རི་མོ་དང་རྫོང་རུའི་གནའ་ཤུལ་བར་གྱི་འབྲེལ་བ།
རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་འབའ་རྫོང་ནག་བཟའི་ས་ཁུལ་གྱི་ཆེས་གནའ་བོའི་བྲག་བརྐོས་རི་མོ་འདི་ལ་གཞན་ལས་ཁྱད་དུ་འཕགས་པའི་རིན་ཐང་ཆེན་པོ་ཞིག་ལྡན་པའི་རྒྱུ་མཚན་ནི། བྲག་བརྐོས་རི་མོ་ཡོད་ས་ནས་མདུན་ཕྱོགས་སུ་སྤྱི་ལེ་བཅུ་ཡས་མས་ཀྱི་མཚམས་ན། ས་འཁོབས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་ལྔའི་ཁྱབ་ཁོངས་སུ་ངོས་འཛིན་གནང་བཞིན་ཡོད་པའི་རྫོང་རུའི་གནའ་ཤུལ་ཡོད། དེ་ནས་ཐོན་པའི་རིག་རྫས་རྣམས་ལ་ཆེད་མཁས་མི་སྣས་ཞིབ་འཇུག་གནང་བ་ལྟར་ན། གནའ་ཤུལ་འདིར་རྡོ་ཆས་གསར་མའི་དུས་རབས་ནས་ཟངས་ཆས་དུས་རབས་ལ་སོགས་དུས་རབས་རིམ་པ་མ་འདྲ་བ་ཁ་ཤས་བརྒྱུད་ཡོད་པ་ཚན་རིག་པས་བརྟག་ཅིང་དཔྱད་པའི་མཐར་འདས་པའི་ལོ་ངོ་དྲུག་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་ཞིབ་འཇུག་གི་ལམ་ནས་ར་སྤྲོད་བྱས་ཡོད་པ་མ་ཟད། སའི་འོག་ནས་ཐོན་པའི་རུས་པ་མང་པོ་ཞིག་ལའང་རི་དྭགས་ཤ་བ་ལ་སོགས་ཀྱི་རུས་པ་ཡིན་པར་ཚན་རིག་གི་ཞིབ་འཇུག་ལས་བདེན་དཔང་གསལ་བོ་གྲུབ་ཡོད། དེ་ལྟར་ན། ཆེས་གནའ་བོའི་དུས་སྐབས་དེར་གནས་འདིའི་ཁོར་ཡུག་ཀུན་ཏུ། མི་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་ནི་རི་དྭགས་ཤ་བ་ལ་སོགས་བརྔོན་ནས་འཚོ་བ་བསྐྱེལ་ཡོད་པའང་གསལ་བོར་རྟོག་ཐུབ། དེའི་རྐྱེན་གྱིས་ནོར་ལུང་གི་བྲག་བརྐོས་རི་མོ་དང་རྫོང་རུའི་གནའ་ཤུལ་གཉི་གའི་བར་ན་འབྲེལ་བ་ངེས་ཅན་ཞིག་ཡོད་པའང་ང་ཚོའི་རིག་པའི་ལམ་ནས་ཚོད་དཔག་བྱེད་ཐུབ་པ་རེད། དེ་མིན་ད་དུང་། ཉེ་འགྲམ་གྱི་མུ་ཡངས་ལུང་བ་ནི། ཆེས་གནའ་བོའི་དུས་སྐབས་ཤིག་ལ། དམུ་ཡི་རིགས་རྒྱུད་ཀྱིས་བདག་བཟུང་བྱས་ཏེ་གནས་བཅོས་པར་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཔྱད་རྩོམ་ཡང་བྲིས་ཡོད། ཕྱོགས་འདི་དག་ལ་བསམ་བློ་ཞིག་ཞིབ་ཏུ་བཏང་ན། ས་གནས་འདི་དང་ཉེ་འཁོར་ཐམས་ཅད་དུ་ཆེས་གནའ་བོའི་དུས་ནས་མིའི་རུ་ཚོགས་རྣམས་གནས་སྡོད་བྱས་ཏེ་རྔོན་ལས་ཀྱི་འཚོ་བ་བསྐྱལ་ས་ཞིག་ཡིན་པ་གསལ་བོར་རྟོག་ཐུབ། སྐབས་དེ་འདྲ་ནས་རིམ་བཞིན་དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་ཁོ་ཚོ་ས་ཆ་གཞན་དག་ཏུ་གནས་སྤོར་བྱས་སོང་ཡང་འཚོ་བའི་རྗེས་ཤུལ་རྣམས་ང་ཚོའི་མིག་ལམ་དུ་དངོས་སུ་མངོན་ཐུབ་པ་འདི་རྣམས་རེད། དེའི་སྟབས་ཀྱིས་མ་འོངས་པ་ན་ཁོ་ཚོ་འཚོ་བཞུགས་ཀྱི་རྗེས་ཤུལ་མང་པོ་ད་དུང་ང་ཚོའི་མིག་ལམ་ལ་མངོན་རྒྱུ་ཡོད་པའང་ཁ་ཚོན་བཅད་དེ་བརྗོད་ཆོག་པར་སྙམ་སོང་།
དེ་བས། ནག་བཟའ་སྡེ་བའི་ནོར་ལུང་གི་བྲག་བརྐོས་རི་མོ་འདི་དག་ལ། མདོ་དབུས་མཐོ་སྒང་རྨ་ཆུའི་སྟོད་རྒྱུད་ཀྱི་བྲག་བརྐོས་རི་མོའི་ཁྱད་ཆོས་ལྡན་ཞིང་། བྱེ་བྲག་གི་གཟུགས་རིས་སྣ་ཚོགས་ལ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཀྱང་མང་དུ་མཆིས། འདི་དག་རྫོང་རུའི་གནའ་ཤུལ་དང་འབྲེལ་ནས་ང་ཚོས་ཆེས་གནའ་བོའི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་ཐུབ་པ་མ་ཟད། མདོ་དབུས་མཐོ་སྒང་འདིར་ཆེས་གནའ་བོའི་མི་ཚོགས་ཀྱིས་གདོད་མའི་འཚོ་བ་རོལ་སྟངས་རིམ་པར་བརྒྱུད་དེ་འཚོ་ཐབས་གསར་བའི་ལམ་དུ་བརྒལ་ཡོད་པ་ཡང་ཤུགས་ཀྱིས་རྟོགས་ཐུབ་ཅིང་། སྐབས་དེའི་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲལ་ཐབས་མེད་པའི་འཚོ་བའི་རིག་གནས་ཤིག་ཀྱང་ཤུགས་ཀྱིས་མཚོན་ཡོད་པར་སྙམ།
བཞི་བ། རི་མོ་སོ་སོའི་གྲངས་ཀ་སོགས་ངོ་སྤྲོད་རགས་ཙམ།
ང་ཚོའི་མཐོང་ལམ་དུ་དངོས་སུ་མངོན་ཐུབ་པའི་སྣ་འདུས་ཀྱི་རི་མོ་འདི་དག་གི་ཁྲོད་དུ་རྔོན་ལས་བྱེད་མཁན་གཙོ་གྲས་ཀྱི་སྐྱ་མི་བཞི་དང་། རྐང་ཐང་གཅིག ཁྱི་གུ་གསུམ་བཅས་ཚན་པ་གཅིག་དང་། རི་དྭགས་ཀྱི་རིགས་ལ་འབྲོང་གཡག་དྲུག་དང་། ཤྭ་ཕོ་དགུ། ཡུ་མོ་གཅིག ཕག་རྒོད་གཅིག་བཅས་མི་ཁྱི་རི་དྭགས་སོགས་བསྡོམས་པའི་གྲངས་ཀ་ཉེར་ལྔ་ཙམ་ཡོད། དེའི་ཁྲོད་ཀྱི་མི་ཁྱི་རྣམས་ཀྱིས་རྔོན་ལས་ཀྱི་ལས་ཀ་རྐྱང་བ་བྱེད་པ་དང་། རི་དྭགས་རིགས་རྣམས་རང་རང་འཚོ་ཐབས་ཀྱི་གནས་སྟངས་ལ་འབད་ཀྱིན་ཡོད་པའི་རྣམ་པ་མ་འདྲ་བའང་མཚོན་ཡོད། དེ་དག་ལས། ལྷོད་ཡེངས་སུ་གནས་པའི་འབྲོང་གཡག་བཞི་ཡོད་པ་དང་། འདྲོག་ཏེ་འབྲོ་བཞིན་པའི་འབྲོང་རྒོད་གཉིས་དང་ཤྭ་བ་སོགས་བྲག་རྡོ་ཚན་པ་གཉིས་ཀྱི་ཐོག་ཏུ་ཡོད། བྲག་རྡོ་ཚན་པ་ལྔའི་ཐོག་གི་ཤྭ་ཕོ་དགུའི་ཁྲོད་དུ་བག་ཡངས་སུ་གནས་པའི་ཤྭ་ཕོ་ཡོད་ལ་འབྲོ་བཞིན་པའི་ཤྭ་ཕོ་པའང་ཡོད། ཤྭ་ཕོ་དེ་དག་གི་མགོར་སྐྱེས་ཡོད་པའི་རྭ་ཅོའི་རྭ་ལག་གི་མང་ཉུང་ཆ་མི་མཚུངས་ཤིང་། ལ་ལ་རྭ་ལག་བཅུ་དྲུག་ཅན་དང་། ཁ་ཤས་ལ་རྭ་ལག་བཅུ་གཉིས་ཅན། ད་དུང་རྭ་ལག་བརྒྱད་ཅན་བཅས་ཡོད། དེ་དག་གི་ཁྲོད་དུ་ཡུ་མོ་གཅིག་ཡོད། དེ་མིན་ད་དུང་། ཕར་རྒྱུགས་བཞིན་པའི་ཕག་རྒོད་གཅིག་ཀྱང་ཡོད་པ་རེད།
ལྔ་བ། རི་མོ་རེ་རེའི་ཁྱད་ཆོས་དང་ནང་དོན་ལ་བསམ་གཞིགས།
༡ བྲག་བརྐོས་རི་མོ་འདིའི་ཁྲོད་དུ་སྐྱ་མི་བཞི་རྟ་ལ་ཞོན་ཏེ་མདའ་གཞི་ཐོགས་ནས་རི་དྭགས་རྔོན་བཞིན་པའི་རྣམ་པ་འདིས། སྐབས་དེར་རི་དྭགས་གཡུང་ལ་ཕབ་ཏེ་བཞོན་རྟ་སོགས་བཀོད་སྤྱོད་བྱས་དང་བྱེད་བཞིན་ཡོད་པ་ཤེས་ཐུབ་པ་མ་ཟད། འཚོ་བ་རོལ་ཐབས་གཙོ་བོ་ད་དུང་རི་དྭགས་རིགས་རྔོན་པར་བསྟེན་ཡོད་པའང་རྟོགས་ཐུབ། ལག་ཆ་ལ་མདའ་མདུང་སོགས་ཀྱི་མཚོན་ཆ་སྤྱོད་ཀྱིན་ཡོད་པ་འདིས། རྡོ་ཆས་གསར་རྙིང་གི་དུས་རབས་བརྒལ་ནས་མདའ་མདུང་མཚོན་ཆ་བཟོ་ཤེས་པའི་མཚམས་སུ་སླེབ་ཡོད་པ་རྟོགས། དེ་བཞིན་ང་ཚོས་རི་མོ་རེ་རེ་རེའི་སྣང་བརྙན་ལ་བསམ་བློ་ཞིག་བཏང་ན། སྐྱ་མི་བཞིས་མདའ་གཞུ་མཚོན་ཆ་ཐོགས་ཏེ་རི་དྭགས་རྔོན་པ་འདིས། སྐབས་དེར་རི་དྭགས་རྔོན་མཁན་གྱི་མི་གྲངས་ཅུང་མང་བ་མཚོན་པ་དང་། མི་གཅིག་གིས་ལག་པ་གཉིས་ཡར་བཀྱགས་ནས་རྐང་པ་སོ་སོར་བགྲད་ཏེ་རི་དྭགས་རྣམས་ཀྱི་སྔོན་ནས་འགོག་ཀྱིན་པའི་རྣམ་པ་འདིས། བཞོན་རྟ་མེད་པའི་མི་གྲངས་མང་པོ་མེད་ཅིང་། རྐང་ཐང་ཚོའང་སྐྱ་མི་དང་ལྷན་དུ་ལ་ལུང་བརྒལ་ནས་རི་དྭགས་ཁྱུ་ཚོགས་ཀྱི་སྔོན་ནས་བཀག་ཏེ་རྔོན་པ་ཚོར་མཐུན་རྐྱེན་སྒྲུབ་ཀྱིན་ཡོད་པ་མཚོན། རྔོན་ལས་ཀྱི་རྣམ་པ་འདིའི་ཁྲོད་སྐབས་དེར་མིའི་ཐོབ་ཐང་དང་དབུལ་ཕྱུག་དོ་མི་མཉམ་པའི་ཁྱད་པར་མངོན་ཡོད་པས། འདིའི་མིའི་རིགས་བྲན་གཡོག་སྤྱི་ཚོགས་ཀྱི་དུས་རིམ་ཞིག་ཏུ་བསླེབས་ཟིན་པ་ཤེས་ཐུབ།

ལུང་མདོའི་ནུབ་ཕྱོགས་སུ་ཡོད་པའི་མི་དང་རི་དྭགས་ཀྱི་ཚོགས།
༢ འབྲོང་གཡག་དེ་དག་གི་ཁྲོད་དུ་ལ་ལ་རྭ་རྩེད་ལ་གཡེང་བཞིན་ཡོད་པ་དང་། ལ་ལ་རྔོན་པ་མི་ཁྱུས་འདེད་ཀྱིན་ཡོད། རྣམ་པ་འདིས་གནས་འདིར་འབྲོང་གཡག་རེ་གཉིས་དང་རི་དྭགས་ཁ་ཤས་ལས་མེད་པ་མ་ཡིན་པར། ལ་དང་ལུང་བ་སོ་སོ་ན་རི་དྭགས་ཁྱུ་དང་ཁྱུ་བྱས་ནས་མང་པོ་གནས་ཡོད་པ་མཚོན་ཐུབ་སྙམ། རྒྱུ་མཚན། གནས་འདི་དང་འབྲེལ་བའི་ས་མིང་ལ་གཡག་ལུང་དང་། ཤྭ་བ་ལུང་གོང་ཞོལ། ཤེའུ་ལུང་། ཤེའུ་རབ་ཤོག་ཆེན་མཐོན་པོ་ལ་སོགས་འབོད་ཀྱིན་པ་འདིའི་སྐབས་དེར་གནས་འདིར་རི་དྭགས་འབྲོང་གཡག་དང་ཤ་བ་སོགས་མང་པོ་ཡོད་ཤེས་རྟོགས་བྱེད་ཐུབ་པ་རེད། དེ་བཞིན་རི་དྭགས་ཁ་ཤས་འདྲོག་ཏེ་འབྲོ་བཞིན་ཡོད་པ་དང་། འདྲོག་བཞིན་པའི་འབྲོང་གཡག་དང་ཤ་ཁྱུའི་རྗེས་སུ་སྐྱ་མི་ཚོས་མདའ་གཞུ་མཚོན་ཆ་བཀོལ་སྤྱོད་བྱེད་པ་དང་། ཁྱི་གུ་རྣམས་རི་དྭགས་ཀྱི་རྗེས་སུ་རྒྱུགས་བཞིན་པ་འདིས། སྐབས་དེར། མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལག་ལ་མདའ་གཞི་ཐོགས་ཤིང་བཞོན་རྟ་དང་སྒོ་ཁྱི་ལ་བརྟེན་ནས་རྔོན་ལས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་གསལ་བོར་རྟོགས་ཐུབ་པ་རེད།

སྐྲག་ཏེ་འབྲོ་བཞིན་པའི་འབྲོང་གཡག་དང་ཤ་བའི་རྗེས་ཀྱི་ཁྱི་གུ།
༣ ཤ་ཁྱུའི་ཁྲོད་ཀྱི་ཤྭ་ཕོ་རེ་རེའི་རྭ་ཅོའི་ར་ལག་གི་མང་ཉུང་གིས་ན་ཚོད་མཚོན། རྭ་ལག་ཉུང་བའི་ན་སོ་ཆུང་བ་དང་། རྭ་ལག་མང་བོས་ན་སོ་རྒན་པ་མཚོན། མགོ་བོ་དགྱེས་ཏེ་ཕར་འགྲོ་བཞིན་པའི་ཤྭ་ཕོ་དྲུག་ཡོད་པ་འདིས། ཁོ་ཚོ་རྔོན་པའི་འཚེ་བ་ལ་དོགས་ཟོན་གྱིས་ཁེངས་འདུག་པ་དང་། དེ་དག་གི་ཁྲོད་དུ་རྩྭ་ཟ་བའི་ཚུལ་དུ་སྣང་བའི་ཤྭ་ཕོ་གཉིས་ཡོད་པ་འདིས། ཤ་ཁྱུ་ཚོགས་རྣམས་རི་ལུང་གཅིག་ཏུ་མ་ངེས་པར་ཕྱོགས་གཞན་དུའང་ལྷོད་ཡངས་ཀྱིས་འཚོ་བཞིན་ཡོད་པ་མཚོན་ཡོད། རི་མོ་ལས་ཤྭ་ཕོ་གཉིས་དང་ཡུ་མོ་གཅིག་ཡོད་པའི་ཁྲོད་དུ་ཤྭ་ཕོ་གཅིག་གིས་ཁ་གདེངས་པ་འདིས། ང་ཚོའི་ནམ་ཟླ་བརྩི་སྟངས་ཁྲོད་དུ“དགུ་བ་ཤ་ངུ”ཟེར་སྲོལ་ཞིག་ཡོད། དེ་ནི་ནམ་ཟླ་སྟོན་དགུན་མཚམས་ཀྱི་ཟླ་དགུ་བའི་དུས་སུ་ཤྭ་ཕོས་ཡུ་མོ་རྣམས་བཀག་སྟེ་རྒྱུད་སྤེལ་བ་རེད། སྐབས་དེར། ཤྭ་ཕོས་ཡུ་མོ་འཕྲོག་རྩོད་བྱེད་སྐབས་བཙན་གཉོམ་གྱི་ཁྱད་པར་གྱིས་ཡུ་མོ་རྣམས་བདག་བཟུང་བྱེད་པའི་རྣམ་པ་དེ་དངོས་སུ་མཚོན་ཡོད།༤ རི་དྭགས་མང་པོའི་ཁྲོད་དུ་ཕག་རྒོད་གཅིག་མ་གཏོགས་མེད། སྐབས་དེ་དུས་ཀྱང་གནས་འདིར་ཕག་རྒོད་མང་པོ་མེད་པ་མཚོན་ཡོད། དེ་ཡང་ཕར་བྲོས་འབྲོ་བཞིན་པའི་རྣམ་པ་འདིས། མི་ཁྱི་གཉིས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཕག་རྒོད་ཀྱང་བརྔོན་ཏེ་རང་རང་གི་ཁ་ཟས་བྱེད་ཀྱིན་ཡོད་པ་བྲག་བརྐོས་རི་མོ་འདི་རྣམས་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་ད་གཟོད་གསལ་རྟོགས་བྱུང་ཐུབ་པ་རེད་སྙམ་མོ། །

བག་ཡངས་སུ་གནས་པའི་ཤྭ་ཕོའི་ཁྱུ་དང་ཡུ་མོ།


ནོར་ལུང་བྲག་བརྐོས་རི་མོ།
འབྲེལ་ཡོད་འོས་སྦྱོར།