ལག་འཁྱེར་ཁ་པར།
འཁྲབ་གཞུང་རྩོམ་པ་པོ། སྨན་བླ་སྐྱབས།
འཁྲབ་ཁྲིད་པ། སྨན་བླ་སྐྱབས།
འཁྲབ་སྟོན་པ། སྨན་བླ་སྐྱབས།
གནམ་ལྷ་འབུམ།
གངས་ལྷ་ཕུར་སྒྲོན།
ཨེ་ལེགས་བསམ་གྲུབ།
གར་ཆུང་འདི་ནི༢༠༠༧ལོའི་གར་ཆུང་སྐུད་མེད་ཁ་པར་གྱི་ཁག་རྗེས་མ་སྟེ། ད་ལྟ་འཁྲབ་གཞུང་བློས་བསླངས་དང་རྩོམ་འབྲིའི་ལས་མགོ་རྩོམ་སྒང་དུ་གནས་སོ།
བུ་མོ་གངས་ལྷ་ཕུར་སྒྲོན་དང་སློབ་བུ་གནམ་ལྷ་འབུམ་དང་ངེད་ཚོ་གསུམ་པོ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱི་གཏམ་རྒྱུད་གློག་བརྙན་གཉིས་པ་འཚོལ་ཞེས་པའི་ཕབ་སྐྲུན་གྱི་འཁྲབ་སྟོན་ལ་ཞུགས་ཏེ་ཡུལ་ལ་ལོག་མ་ཐག་ཏུ་ཡང་བོད་སྐད་བརྙན་འཕྲིན་གྱི་ལོ་སར་སྤྲོ་ཚོགས་སུ་ཞུགས་དགོས་བྱུང་འདུག་པས། མིག་སྔའི་ལས་ཁག་ཆེ་ཤོས་ནི་གར་ཆུང་གི་འཁྲབ་གཞུང་དུས་ལྟར་འགྲུབ་ཐུབ་པ་བྱ་རྒྱུ་དེའོ། །
སྨན་བླ་སྐྱབས་ཀྱི་ཟིན་བྲིས་ལས་དྲངས།

