༄༅།། བརྙན་འཕྲིན་ཟློས་གར་བྱུ་རུའི་སྐེ་རྒྱན།
ཞི་བདེ་ཉི་མའི་ཉེ་པར།
བརྙན་འཕྲིན་ཟློས་གར་འདི་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་གཞུང་དང་འཁྲབ་ཁྲིད། བརྙན་ཕབ། སྒྲིག་སྦྱོར་སོགས་ཀྱི་ལས་འགན་གཅིག་ལྕོགས་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན། བརྙན་འཕྲིན་ཟློས་གར་འདིའི་བརྗོད་བྱ་གཙོ་བོ་བོད་ཁམས་ཀྱི་དབུལ་ཕུངས་ཁྱིམ་ཚང་མགོན་ཐོ་ཚང་གིས་ལོ་སར་ཐོན་ལ་ཉེ་སྐབས། བུ་མོ་སྒྲོན་མར་བྱུ་རུའི་སྒེ་རྒྱན་ཞིག་ཉོ་རྒྱུ་ཁས་བླངས་ཤིང་དམ་བཅས། ཡིད་སྐྱོ་དགོས་པ་ཞིག་ལ་བྱུ་རུའི་སྐེ་རྒྱན་གྱི་རིན་གོང་མཐོ་དྲགས་པས་ཕ་མགོན་ཐོ་ལགས་ཀྱི་ཁྱིམ་གྱི་མ་དངུལ་ཡོངས་རྫོགས་བཏང་ཀྱང་བྱུ་རུའི་སྒེ་རྒྱན་ཉོ་མ་ཐུབ། ཨ་མ་རྒན་མོས་བུ་མོ་ལྷ་སྒྲོན་ལ་སེམས་གསོ་བྱེད་ཞོར་ཁྱིམ་ཚང་གཅིག་ལས་མཆེད་པའི་ཁྱིམ་ཁ་ཚང་མས་ཕ་མགོ་ཐོ་ལ་རོགས་རམ་བྱས་ནས་སྒོར་བསྡུ་རབས་བྱས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། བསྡུ་རབས་བྱས་པའི་སྒོར་མོས་ཀྱང་བྱུ་རུའི་སྒེ་རྒྱན་ཉོ་ཐུབ་མི་ཐུབ་པས། མགོན་ཐོ་ཚང་གིས་འབྲི་མོ་གཅིག་པུའང་བཙོངས་ནས་ལོ་མ་སར་སྔོན་ལ་བུ་མོ་ལྷ་སྒྲོན་ལ་བྱུ་རུའི་སྐེ་རྒྱན་སོགས་ཉོ་རྒྱུ་ཐག་བཅད། བུ་མོ་སྒྲོན་མས་རང་གི་འཚོ་རྟེན་དུ་གྱུར་བའི་འབྲི་མོ་གཅིག་པུ་ཚོང་བ་གཉིས་ཀྱིས་རྡོ་རྡུང་གཡུག་དེད་བྱས་ཏེ་འགྲོ་བ་མཐོང་དུས་མོའི་སེམས་སུ་བཅོས་མིན་གྱི་སྙིང་རྗེ་ཅིག་སྐྱེས་ཏེ་མ་བཟོད་པར་མིག་ཆུ་འཐོར་ཞོར་ཕ་མགོན་ཐོ་ལག་ནས་འབྲི་མོའི་རིན་གྱི་སྒོར་ཕྱིར་འཕྲོགས་ནས་ཚོང་བ་གཉིས་ཀྱི་རྗེས་སུ་བརྒྱུགས་ཏེ་འབྲི་མོ་ཕྱིར་འཕྲོག་ཏེ་ཡོང་བ་དེར་མོའི་ཕ་མ་དང་ཚོང་བ་སོགས་སྒྲོན་མའི་བྱམས་སེམས་དང་སྙིང་རྗེ་ལ་ཡིད་རངས་སེམས་འགུལ་ཆེན་པོ་ཐེབས་པ་སོགས་ཞིབ་འབྲི་བྱས་ཡོད།
