logo

གློག་བརྙན《རྒྱུད་སྐུད་སྟེང་གི་རྣམ་ཤེས》ཞེས་པ་འདི་ལྷ་ས་རུ་སྟོན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-07-27 ཀློག་གྲངས།:


གློག་བརྙན《རྒྱུད་སྐུད་སྟེང་གི་རྣམ་ཤེས》ཞེས་པ་འདི་ལྷ་ས་རུ་སྟོན་པ་ཡིན།

    ཉེ་ལམ། རྒྱུས་ལོན་པ་ལྟར་ན། 《གངས་རིན་པོ་ཆེ》ཞེས་པའི་མིང་སྲིང་གློག་བརྙན《རྒྱུད་སྐུད་སྟེང་གི་རྣམ་ཤེས》ཞེས་པ་འདི་ལྷ་ས་རུ་སྟོན་མགོ་བརྩམས་ཤིང་། གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་ཀྲང་དབྱང་དང་། འཁྲབ་སྟོན་པ་ནི་བཀྲ་ཤིས་དོན་འགྲུབ་དང་། ཆོས་ཉིད་ཚེ་རིང་། བསོད་ནམས་ཉི་མ། དགེ་འདུན་ཕུན་ཚོགས་སོགས་ཡིན།
    གློག་བརྙན་འདི་ནི་བོད་ལྗོངས་ཀྱི་མིང་གྲགས་རྩོམ་པ་པོ་བཀྲ་ཤིས་ཟླ་བའི་སྒྲུང་ཐུང་གཉིས་ཏེ《བོད་ལྗོངས། རྒྱུད་སྐད་དུ་བརྒྱུས་པའི་རྣམ་ཤེས》དང《ལྷ་སར་འགྲོ་བའི་ལམ་བར་དུ》ཞེས་པ་སྒྲིག་བཅོས་བྱས་པ་ཞིག་ཡིན་ཞིང་། འདིའི་ནང་དུ་ནག་ཉེས་དང་འཁོན་སེམས་བཅིངས་ཤིང་ཡང་ཤི་ཡང་གསོན་བྱེད་པའི་རྔོན་པ་ཞིག་བླ་མའི་གསུངས་ཀྱིས་རིམ་བཞིན་རང་སེམས་ཀྱི་བདུད་བཏུལ་ཏེ། མཐའ་མར་རིན་ཆེན་གཟི་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་རིས་ས་གནས་སུ་སྐྱེལ་བའི་གཏམ་རྒྱུད་ཅིག་ཡིན།

    ཀྲང་དབྱང་གིས་བསྟན་རྒྱུར། ཁོས་གློག་བརྙན་འདིའི་སྐད་རིགས་ཐད་དཔྱད་བསྡུར་དང་ཚོད་ལྟ་བྱས་པ་དང་། 《གངས་རིན་པོ་ཆེ》ཞེས་པར་འཁྲབ་གཞུང་མེད་དེ། ལམ་བར་དུ་གང་བསམ་ལྷུན་གྱིས་བྲིས་པ་ཞིག་ཡིན་ལ། 《རྒྱུད་སྐུད་སྟེང་གི་རྣམ་ཤེས》ཞེས་པར་འཕྲུལ་སྣང་དངོས་ཡོད་རིང་ལུགས་ཀྱི་རྣམ་པ་ལྡན་ཞིང་། ཟློས་གར་གྱི་ཆ་ཤིན་ཏུ་དོད་ལ། དུས་དང་བར་སྟོང་གི་རིམ་པ་ཕུན་སུམ་ཚོགས་པ་དང་། གཟིགས་མོ་བ་རེ་རེས་ཚོར་སྣང་མི་མཐུན་པ་རེ་མཐོང་སྲིད།

    རྒྱུས་ལོན་པ་ལྟར་ན། གློག་བརྙན་འདི་སྤྱི་ཟླ8པའི་ཚེས4ཉིན་རྒྱལ་ཡོངས་སུ་སྟོན་འཆར་འདུག


འབྲེལ་ཡོད་འོས་སྦྱོར།