《 ཐར་ལོ》 ཟི་ལིང་ནས་གཟིགས་འབུལ་བྱ་རྒྱུ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-18
ཀློག་གྲངས།:

《 ཐར་ལོ》 ཟི་ལིང་ནས་གཟིགས་འབུལ་བྱ་རྒྱུ་རེད།
སྤྱི་ཟླ11ཚེས18ཉིན་ནས་བཟུང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན 《 ཐར་ལོ》 ཞེས་པ་ལྷ་ས་དང་ཟི་ལིང་། ཁྲེང་ཏུའུ། ལན་གྲུ་སོགས་བོད་པ་མང་པའི་གྲོང་ཁྱེར་ཁག་ཏུ་གཟིགས་འབུལ་བྱ་འཆར་དང་། སྤྱི་ཟླ12ཚེས9ཉིན་རྒྱལ་ཡོངས་སུ་གཟིགས་འབུལ་བྱ་རྒྱུ་རེད།

གློག་བརྙན《 ཐར་ལོ》 རུ་གཙོ་བོ་ཕྱུགས་རྫི་ཐར་ལོ་སྡོད་དམངས་ལག་ཁྱེར་ལེན་དུ་འགྲོ་བའི་ལམ་བར་དུ་བྱུང་བའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་། གློག་བརྙན་འདིའི་འཁྲབ་གཞུང་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་ངོ་སྤྲོད་གནང་བ་ལྟར་ན། གློག་བརྙན་འདི་བརྒྱུད་ཁོང་རང་གིས་ཕ་ཡུལ་ལ་བཅངས་བའི་བརྩེ་བ་དང་དྲན་གདུང་མཚོན་ཅི་ཐུབ་བྱས་ཡོད་པ་དང་ཆབས་ཅིག གློག་བརྙན་སྔོན་མ་དག་ལས་ཐོད་བརྒལ་གསར་བ་ཡོང་ཐབས་ལ་འབད་པ་གནང་ཡོད་པ་རེད།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས།
པདྨ་ཚེ་བརྟན་ལགས་ཀྱིས་ད་སྔའི་བར《 ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》 དང་། 《 འཚོལ》 《 ཁྱི་རྒན》 《 གཡང་མདའ》 《 ཐར་ལོ》 སོགས་ལྟད་མོ་བའི་དགའ་བསུ་རྒྱ་ཆེན་པོ་ཐོབ་པའི་བོད་སྐད་གློག་བརྙན་ཕུལ་དུ་བྱུང་བ་ལྔ་ཙམ་འཁྲབ་ཁྲིད་གནང་ཡོད།
སྤྱི་ཟླ11པའི་ཚེས18ཉིན་གློག་བརྙན༼ཐར་ལོ༽ཟི་ལིང་གི་གློག་བརྙན་ཁང་སོ་སོ་ནས་སྟོན་པའི་དུས་ཚོད་དང་ས་གནས།
