
2016ལོའི་ཀྲུང་གོའི་མཛེས་སྡུག་གི་ཞིང་གྲོང་གློག་བརྙན་ཐུང་བའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ཧི་ནན་ཞིན་ཡཱང་ནས་འཚོགས་པ།
སྤྱི་ཟླ་10ཚེས29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་པུའུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡུལ་སྐོར་ཅུའུ། རྒྱལ་ཁབ་གསར་འགྱུར་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་རྒྱང་སྒྲོག་བརྙན་འཕྲིན་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཞིང་ལས་གློག་བརྙན་ལྷན་ཚོགས(CCTV-7)བཅས་ཀྱིས་མཉམ་བསྒྲུབས་བྱས་པའི2016ལོའི་ཀྲུང་གོའི་མཛེས་སྡུག་གི་ཞིང་གྲོང་གློག་བརྙན་ཐུང་བའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ཧི་ནན་ཞིང་ཆེན་ཞིན་ཡཱང་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།

ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཧའེ་ཐོའོ་ཡིས་མཛད་སྒོའི་མགོ་བརྩམས་པ་ཁྱབ་སྒྲོག་བྱེད་བཞིན་པ།
ཐེངས་འདིའི་གློག་བརྙན་དུས་ཆེན་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་གསར་འགྱུར་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་སྔར་གྱི་ཅུའུ་ཀྲང་གཞོན་པ། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཧའེ་ཐོའོ་དང་། ཀྲུང་ཡཱིན་ཚོགས་པའི་སྔར་གྱི་སྤྱི་འགན་པ་དང་མིང་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཧན་སཱན་ཕིན། ཧོང་ཀོང་གློག་བརྙན་ལས་འཛིན་ལྷན་ཚོགས་ཀྱི་ཐེའེ་ཀྲང་གཞོན་པ་དང་མིང་གྲགས་ཅན་གྱི་གླུ་ཚིག་རྩོམ་པ་པོ་ཀྲང་ཅོན་ཡིས། བརྒྱད་གཅིག་གློག་བརྙན་སྒྲིག་སྦྱོར་བཟོ་གྲྭའི་བརྙན་ཟློས་ཅུའུ་ཡི་ཀྲུའུ་རེན་དང་མིང་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་ཀྲོ་ཞིན་ཡོན། ཀྲུང་གོའི་ཞིང་ལས་གློག་བརྙན་བརྙན་འཕྲིན་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅུའུ་དང་ཀྲུའུ་རེན་ཀྲའོ་ཙི་ཁོན། ཀྲུང་གོའི་ཞིང་ལས་གློག་བརྙན་བརྙན་འཕྲིན་ལྟེ་གནས་ཀྱི་སྤྱིའི་སྒྲིག་སྦྱོར་བ་པོའོ་ཞེའེ་ལོའུ། སྤྱིའི་སྒྲིག་སྦྱོར་གཞོན་པ་ཅི་ལིན། ཀྲུང་གོའི་ཞིང་ལས་གློག་བརྙན་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་པོའོ་ཡིས་ཞང་། ཀྲུང་གོའི་བརྙན་འཕྲིན་གཏོང་སྦྱོར་སློབ་ཆེན་གྱི་འགུལ་རིས་སློབ་གླིང་གི་གླིང་གཙོ་ཏིན་ཅོན་ཅེའེ་སོགས་ལས་རིགས་གང་དེའི་ཆེད་མཁས་པ་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་གློག་བརྙན་ཐུང་བའི་སྒྱུ་རྩལ་ལས་རིགས་གཉེར་མཁན་གྱི་སྐུ་ཚབ་སོགས་མི་སྟོང་ལྷག་ཞུགས།

བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་བཅུ་ལ་བྱ་དགའ་གནང་བཞིན་པ།

ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པའི་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ལྷ་མོ་དོན་གྲུབ།

འཁྲབ་ཁྲིད་པ་ལྷ་མོ་དོན་གྲུབ་དང་བརྙན་སྐྲུན་པ་ཀླུ་འབུམ་བཀྲ་ཤིས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནོར་བུ་བཟང་པོ་དྲ་བ་དང་མདོ་ལྷོ་གློག་བརྙན་ཁང་གི་ན་གཞོན་འཁྲབ་ཁྲིད་པ། ལྷ་མོ་དོན་གྲུབ་ཀྱིས་གློག་བརྙན་བརྩམས་ཆོས༼དགུན་ཟླ་རིང་མོ༽ཁྱེར་ནས། 2016ལོའི་ཀྲུང་གོའི་མཛེས་སྡུག་གི་ཞིང་གྲོང་གློག་བརྙན་ཐུང་བའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་། སྐབས་དང་པོའི་རྒྱལ་སྤྱིའི་གློག་བརྙན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཤིང་། རྒྱལ་ཡོངས་མི་དམངས་ལ་མདོ་དབུས་མཐོ་སྒང་གི་སྒེའུ་ཁུང་དུ་འབོད་པའི་ཀན་ལྷོའི་མཚར་སྡུག་གི་གཏམ་རྒྱུད་འགྲེམ་སྟོན་བྱས་པ་ནི་དངོས་གནས་ངོམ་དུ་འོས་པ་ཞིག་ཏུ་འདུག་ལ། དེར་མ་ཟད་ཐེངས་འདི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང2016ལོའི་ཀྲུང་གོའི་མཛེས་སྡུག་གི་ཞིང་གྲོང་གློག་བརྙན་ཐུང་བའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་བརྩམས་ཆོས་བཅུའི་བྱ་དགའ་དང་ཆེས་ལེགས་པའི་བརྙན་ཕབ་ཀྱི་འོས་མིང་ཐོབ།
ཤེས་གསལ་ལྟར་ན། ཐེངས་འདིའི་གློག་བརྙན་དུས་ཆེན་ནི་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་གཉེར་བཞིན་པའི་མི་རྣམས་ལ་ཁ་ཕྱོགས་ཏེ། ཕུལ་བྱུང་གི་བརྩམས་ཆོས་འཚོལ་བསྡུ་དང་། གློག་བརྙན་ཐུང་བ་སྟེ་རིགས་གསར་བའི་སྒྱུ་རྩལ་རྣམ་པ་བརྒྱུད་ནས། རྒྱལ་སྤྱི་ཅན་གྱི་མཐོང་རྒྱས་གྲུ་ཟུར་མང་བོ་དང་ཕྱོགས་མཚམས་ཆ་ཚང་བའི་ལམ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཁྱབ་བསྒྲག་བྱེད་པ་མ་ཟད། རིམ་པ་མང་པོའི་སྒོ་ནས་རང་རྒྱལ་སྤྱི་ཚོགས་གསར་བའི་ཞིང་སྡེ་འཛུགས་སྐྲུན་དང་དབུལ་སེལ་གྱི་ཐད་བླངས་པའི་གཡུར་ཟའི་འབྲས་བཟང་གསལ་སྟོན་བྱ་ཕྱིར་སྤེལ་བའི་བྱ་འགུལ་ཞིག་ཡིན་ལ། བྱ་འགུལ་འདི་ནི་ད་ལོའི་སྤྱི་ཟླ3པའི་ཚེས28ཉིན་པེ་ཅིང་ནས་མགོ་ཚུགས་ཤིང་། ཟླ་བདུན་ལྷག་གི་དུས་ཚོད་བརྒྱུད་གློག་བརྙན་ཐུང་བའི་བརྩམས་ཆོས200ལྷག་བསྡུ་ཐུབ་པ་བྱུང་།