logo

ལོ་ངོ50ནང་བོད་ལྗོངས་ཀྱིས་བོད་སྐད་གློག་བརྙན2000ལྷག་བསྒྱུར་སྒྲིག་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-17 ཀློག་གྲངས།:

བོད་ལྗོངས་གློག་བརྙན་སྒྱུར་སྒྲིག་ལོ་འཁོར་ལྔ་བཅུ་དང་བོད་ལྗོངས་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་བསྡུས།
བོད་ལྗོངས་གློག་བརྙན་སྒྱུར་སྒྲིག་ལོ་འཁོར་ལྔ་བཅུ་དང་བོད་ལྗོངས་
བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་བསྡུས།


སྒྲ་བསྒྱུར་བས་བོད་སྐད་དུ་སྒྱུར་སྒྲིག་བྱེད་པ།


བོད་ལྗོངས་ཀྱི་རབས་དང་པོའི་བོད་སྐད་གློག་བརྙན་སྒྱུར་སྒྲིག་བ་དག

     སྤྱི་ཟླ12པའི་ཚེས11ཉིན། བོད་ལྗོངས་གློག་བརྙན་སྒྱུར་སྒྲིག་ལོ་འཁོར་ལྔ་བཅུ་དང་བོད་ལྗོངས་བོད་སྐད་གློག་བརྙན་སྒྱུར་སྒྲིག་བགྲོ་གླེང་ཚོགས་འདུ་དེ་ལྷ་ས་རུ་བསྡུས་ཤིང་། བོད་ལྗོངས་ཀྱིས1965ལོར་བོད་སྐད་གློག་བརྙན་སྒྱུར་སྒྲིག་བྱས་པ་ནས་བཟུང་། གློག་བརྙན་སྣ་ཚོགས2000ལྷག་དང་བརྙན་འཕྲིན་ཟློས་གར50ལྷག་བསྒྱུར་སྒྲིག་བྱས་པ་དང་། གྲོང་ཁྱེར་གྱི་ཨང་ཀིའི་ཟློས་གར་ཁང6བཙུགས།
     མིག་སྔའི་བར་བོད་སྐད་གློག་བརྙན་སྒྱུར་སྒྲིག་ཆེད་ལས་རུ་ཁག་མི40ལ་ཉེ་ཞིང་། གློག་བརྙན་སྒྱུར་སྒྲིག་དང་འགྲེམ་སྤེལ། འགྲེམ་གཏོང་བཅས་ཕྱོགས་ཡོངས་ནས་ཨང་ཀིའི་ཅན་དུ་བསྒྱུར་ལ། ལྗོངས་ཡོངས་ཀྱི་གཞི་རིམ་གློག་བརྙན་འགྲེམ་གཏོང་རུ་ཁག148ཀྱིས་ཞིང་གྲོང་གློག་བརྙན་ཨང་ཀིའི་སྟེགས་བུར་བརྒྱུད་དེ་བོད་སྐད་བསྒྱུར་སྒྲིག་འདུས་པའི་གློག་བརྙན་སྣ་ཚོགས་མངགས་ཉོ་དང་ཕབ་ལེན་བྱས་ཆོག་པ་དང་། གློག་བརྙན་འགྲེམ་གཏོང་དེ་ལྗོངས་ཡོངས་ཀྱི་སྲིད་འཛིན་སྡེ་བ5400ལྷག་དང་དགོན་སྡེ1700ལྷག་སོགས་སུ་ཁེབས་ཡོད།

ལྷ་མོ་ཚེ་སྐྱིད་ཀྱིས་བོད་ལྗོངས་རིག་གནས་དྲ་བ་ལས་བཤུས་ཏེ་བསྒྱུར།


འབྲེལ་ཡོད་འོས་སྦྱོར།