འཇམ་དཔལ་རྡོ་རྗེར་སློབ་ཆེན་པའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་གཙོ་འཁྲབ་པའི་བྱ་དགའ་ཐོབ།

བོད་རིགས་བུ་ཆུང་འཇམ་དཔལ་རྡོ་རྗེར2015ལོའི་སློབ་ཆེན་སློབ་མའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་
ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བྱ་དགའ་ཐོབ་པ།

བུ་ཆུང་འཇམ་དཔལ་རྡོ་རྗེ།
སྤྱི་ཟླ12པའི་ཚེས12ཉིན། 2015ལོའི་རྒྱ་སྐད་ཀྱི་སློབ་ཆེན་སློབ་མའི་མཐོང་གཟུགས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་དེ་ཅང་སུའུ་ནན་ཐུང་དུ་བསྡུས་ཤིང་། བོད་རིགས་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་སྒྲིག་སྟེ་འཁྲབ་ཁྲིད་བྱས་པའི་གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པའི་གཙོ་འཁྲབ་པ་སྟེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ནས་ཡོང་བའི་ལོ10ཅན་གྱི་བུ་ཆུང་འཇམ་དཔལ་རྡོ་རྗེ་ལ་ཕུལ་བྱུང་སྐྱེས་པའི་གཙོ་འཁྲབ་པའི་བྱ་དགའ་ཐོབ་པ་རེད།
བོད་རིགས་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བསྐོ་མིང་བྱ་དགའ་དང་། བརྙན་ཕྲན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར་ཕུལ་བྱུང་ཟློས་གར་གྱི་བསྐོ་མིང་བྱ་དགའ་ཐོབ།
