logo

བདུད་རྩི་སྐྱིད་ཀྱི་གློག་བརྙན་ལ་བྱིས་པའི་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2015-12-11 ཀློག་གྲངས།:


《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》 ཞེས་པའི་གློག་བརྙན།


བདུད་རྩི་སྐྱིད་ཀྱི་གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》 ལ་བྱ་དགའ་ཐོབ།

     སྤྱི་ཟླ12པའི་ཚེས8ཉིན། ཧྲིན་ཀྲིན་རྒྱལ་སྤྱིའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པ་རུ་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》ཞེས་པར་བྱིས་པའི་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ།
     བདུད་རྩི་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ས་ཆ་ནས་སྐྱེས་ཤིང་། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་གློག་བརྙན་འཕྲིན་འཁྲབ་ཁྲིད་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། སྙན་ངག་དང་རོལ་དབྱངས་ཟློས་གར། གཞས་ཚིག་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་ཡོད་ལ། གློག་བརྙན《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ལ་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པའི་གཏམ་རྒྱུད་ལེགས་ཤོས་ཀྱི་བྱ་དགའ་སོགས་བྱ་དགའ་མི་ཉུང་བ་ཐོབ་མྱོང་།


འབྲེལ་ཡོད་འོས་སྦྱོར།