《ཐར་ལོ》ཞེས་པའི་གློག་བརྙན་དེ་ཐེ་ཝན་དུ་འགྲེམ་གཏོང་གནང་བ།
《ཐར་ལོ》ཞེས་པའི་གློག་བརྙན་གྱི་འབྲེལ་ཡོད་མི་སྣ་དག་ཡུལ་དངོས་སུ་སླེབས་པ།
གློག་བརྙན《ཐར་ལོ》།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན།
《ཐར་ལོ》ཞེས་པའི་གློག་བརྙན་ལ་སྐབས52པའི་ཐེ་ཝན་གསེར་རྟའི་བྱ་དགའི་ཕུལ་བྱུང་ཟློས་གར་དང་། ཕུལ་བྱུང་འཁྲབ་ཁྲིད་པ། ཕུལ་བྱུང་འཁྲབ་གཞུང་བཅོས་སྒྲིག ཕུལ་བྱུང་བརྙན་ལེན་བཅས་བྱ་དགའི་རྣམ་གྲངས་བཞིའི་བསྐོ་མིང་ཐོབ་ཡོད། སྤྱི་ཟླ11པའི་ཚེས16ཉིན་གྱི་དགོང་མོའི་ཆུ་ཚོད18:40སྟེང་། གློག་བརྙན《ཐར་ལོ》ཞེས་པའི་གསེར་རྟའི་བྱ་དགའི་ཐོག་མའི་འགྲེམ་གཏོང་མཛད་སྒོ་དེ་ཐེ་ཝན་གྱི་ཐེ་པེ་བརྙན་མཁར་དུ་བསྡུས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་། སྐྱེས་པའི་གཙོ་འཁྲབ་པ་ཞི་བདེ་ཉི་མ། སྐྱེས་མའི་གཙོ་འཁྲབ་པ་གཡང་ཕྱུག་འཚོ། བརྙན་ལེན་པ་ལུས་སུང་ཡེ་བཅས་འགྲེམ་གཏོང་མཛད་སྒོར་ཞུགས་ལ། གཟིགས་མོ་བ་ཀུན་གྱིས《ཐར་ལོ》ཞེས་པའི་གློག་བརྙན་དང་དེའི་འབྲེལ་ཡོད་མི་སྣ་གཙོ་བོ་དག་ཡུལ་དངོས་སུ་སླེབས་པར་དགའ་བསུ་ཆེན་མོ་ཐོབ། ཚེས21ཉིན་དངོས་སུ་གསེར་རྟའི་བྱ་དགའ་གནང་རྒྱུ་རེད།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་རྒྱུར། རང་གི་ཕ་སྐད་གློག་བརྙན་དེ་ཐེ་ཝན་དུ་སྟོན་ཐུབ་པར་དངོས་གནས་དགའ་སྤྲོ་དང་གཟི་བརྗིད་ཆེན་པོས་རྟས་བྱུང་།