ཞི་བདེ་ཉི་མས་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བའི་ནང་གཙོ་འཁྲབ་བྱེད་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-04
ཀློག་གྲངས།:

ཞི་བདེ་ཉི་མས་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བའི་ནང་གཙོ་འཁྲབ་བྱེད་པ།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ《ཐར་ལོ》ནི་ཟླ5བའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་སྡེ་བ་རུ་ཕབ་མགོ་བརྩམས་ཤིང་། ཚེས2ཉིན་གློག་བརྙན་ཕབ་སྐྲུན་གྱི་བྱ་བ་ཡོངས་སུ་བརྩམས་ཏེ་བོད་ཁུལ་ན་མིང་དུ་གྲགས་པའི་ཁ་ཤགས་སྒྱུ་རྩལ་པའམ་བརྙན་རིས་སྒྲིག་འཁྲབ་པ་ཞི་བདེ་ཉི་མས་གློག་བརྙན་འདིའི་ནང་སྐྱེས་པའི་གཙོ་འཁྲབ་བྱེད་པ་དང་། མེ་ཏོག་ཆུན་པོའི་ནང་མཚན་སྙན་རྒྱས་ཤིང་གློག་བརྙན་གང་མང་དུ་འཁྲབ་སྟོན་བྱས་མྱོང་བའི་གཡང་ཕྱུག་འཚོས་གློག་བརྙན་འདིའི་ནང་སྐྱེས་མའི་གཙོ་འཁྲབ་བྱེད་པ་ཡིན། དེ་མིན་གློག་བརྙན་འཁྲབ་སྟོན་པ་བཀྲ་ཤིས་དང་སྦྱིན་པ་གཉིས་ཀྱང་གློག་བརྙན་འདིའི་ཁྲོད་འཁྲབ་སྟོན་མི་སྣ་གཙོ་བོའི་ནུས་པ་འདོན་གྱི་ཡོད།

འབྲེལ་ཡོད་འོས་སྦྱོར།
