logo

《གཡང་མདའ》གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་གྲངས་ཉུང་མི་རིགས་བརྙན་འགྲེམ་དུ་ཞུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-28 ཀློག་གྲངས།:


གློག་བརྙན《གཡང་མདའ》གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་
གྲངས་ཉུང་མི་རིགས་གློག་བརྙན་འགྲེམ་སྟོན་དུ་ཞུགས།

     ཉེ་སྔོན། ཀྲུང་གོའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་སྐབས23པའི་གློག་བརྙན་འགྲེམ་གཏོང་གི་གྲུབ་ཆ་གལ་ཆེན་ཏེ། གྲངས་ཉུང་མི་རིགས་གློག་བརྙན་འགྲེམ་གཏོང་དེ་ལན་གྲུའི་ཧྭ་དབྱིན་ཧྥེ་ཐེམ་བརྙན་མཁར་དུ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གློག་བརྙན13ལ་རྗེས་དྲན་བྱ་དགའ་ཐོབ་པ་རེད།

གློག་བརྙན《གཡང་མདའ》གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་ གྲངས་ཉུང་མི་རིགས་གློག་བརྙན་འགྲེམ་སྟོན་དུ་ཞུགས།
གློག་བརྙན《གཡང་མདའ》གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་
གྲངས་ཉུང་མི་རིགས་གློག་བརྙན་འགྲེམ་སྟོན་དུ་ཞུགས།

     རྒྱུས་ལོན་པ་ལྟར་ན། ཟླ9བའི་ཚེས26ཉིན་གྱི་དགོང་མོར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《གཡང་མདའ》ཞེས་པ་ཡང་ཏུང་ཧྥང་ཧོང་བརྙན་མཁར་གྱི་ཚོམས་ཁང་སྒོ་རྟགས3པར་འགྲེམ་གཏོང་བྱས་ཤིང་། དེར་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་དགེ་རྒན་དང་སློབ་གྲོགས། གློག་བརྙན་ཁྱབ་ཁོངས་ཀྱི་ལས་གྲོགས་སོགས་མི་མང་པོ་སླེབས་པ་དང་། འགྲེམ་གཏོང་རྗེས་ཀྱི་འབྲེལ་འདྲིས་གོ་རིམ་དུ་གློག་བརྙན《གཡང་མདའ》ཞེས་པའི་གཙོ་འདོན་པ་རྣམས་སྟེགས་བུར་བུད་དེ་ཡུལ་དངོས་གྲོགས་པོ་རྣམས་ལ་འབྲེལ་ཡོད་གློག་བརྙན་འདིའི་སྐོར་གླེང་པ་རེད།


འབྲེལ་ཡོད་འོས་སྦྱོར།