གཏོ་བརྗོད་གཞིར་བྱས་པའི་དངོས་བཤུས་གློག་བརྙན་ཕབ་བསྐྲུན་བྱས་ཚར་པ།
རྩོམ་པ་པོ།:ཨ་མའི་་ལོ་ལོ་གློག་བརྙན་ལས་ཤག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-25
ཀློག་གྲངས།:

གཏོ་བརྗོད་གཞིར་བྱས་པའི་དངོས་བཤུས་གློག་བརྙན་ཕབ་བསྐྲུན་བྱས་ཚར་པ།
ཟླ12བའི་ཚེས22ཉིན་བོད་ཀྱི་གཞོན་སྐྱེས་གློག་བརྙན་དོན་གཉེར་བ་མཁའ་བྱམས་རྒྱལ་གྱིས་རེབ་གོང་གཉན་ཐོག་སྡེ་བའི་གཏོ་བརྗོད་གཞིར་བྱས་པའི་དངོས་བཤུས་གློག་བརྙན་དེ་རེབ་གོང་གཉན་ཐོག་སྡེ་བར་ཕབ་བསྐྲུན་བྱས་ཚར། དངོས་བཤུས་གློག་བརྙན་འདི་ནི་གངས་ཅན་འབོད་སྒྲ་རིག་གནས་གཏོང་སྦྱོར་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། ཨ་མའི་ལོ་ལོ་གློག་བརྙན་ལས་ཤག རི་སྤྱང་སྒྲ་བརྙན་སྒྲིག་སྦྱོར་ཁང་། ཟི་ལིང་རི་དཀར་པོ་གློག་བརྙན་རིག་གནས་ཁྱབ་སྤེལ་ལྟེ་གནས་དང་གངས་དཀར་པོ་བརྙན་རིས་ལས་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གྲུབ་པ་ཞིག་རེད། རྒྱུས་ལོན་བྱུང་བ་ལྟར་ན། དངོས་བཤུས་གློག་བརྙན་འདི་སང་ལོའི་སྤྱི་ཟླ3པའི་ནང་ཀུན་གྱི་སྤྱན་ལམ་དུ་འབུལ་རྩིས་ཡོད་པ་རེད།

དངོས་བཤུས་གློག་བརྙན་ཕབ་བསྐྲུན་བྱེད་པའི་ལས་བྱེད་མི་སྣ་རྣམས།
འབྲེལ་ཡོད་འོས་སྦྱོར།
