logo

ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི་བརྙན་ཕྲན《ལམ་གྱི་རྨི་ལམ》པེ་ཅིང་དུ་འགྲེམ་གཏོང་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-23 ཀློག་གྲངས།:


འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་བརྙན་ཕྲན《ལམ་གྱི་རྨི་ལམ》ཞེས་པ་མཚམས་སྦྱོར་བྱེད་པ།

      ཟླ12པའི་ཚེས20ཉིན། བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་སྐད་བརྙན་ཕྲན《ལམ་གྱི་རྨི་ལམ》ཞེས་པ་པེ་ཅིང་དུ་བདེ་བླག་ངང་འགྲེམ་གཏོང་བྱས།  ཨ་སྒང་ཡར་རྒྱས་ཀྱིས་མིག་སྔར་པེ་ཅིང་དུ་གློག་བརྙན་འཁྲབ་ཁྲིད་ཀྱི་ཆེད་ལས་སྦྱོང་གིན་ཡོད་ཅིང་། ཐེངས་འདིར་པེ་ཅིང་འཁྲབ་རྩལ་སློབ་གླིང་གི་འཁྲབ་རྩལ་ལྟེ་གནས་སུ་འགྲེམ་གཏོང་བྱས་པའི་བརྙན་ཕྲན་བརྩམས་ཆོས་འདི་ནི་ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ་ཡིན་པ་དང་། འགྲེམ་གཏོང་ཡུལ་དངོས་སུ་གཟིགས་མོ་བས་ཁེངས་ཡོད་ལ། ཕལ་ཆེ་བ་ནི་པེ་ཅིང་དུ་བྱ་བ་སྒྲུབ་པ་དང་སློབ་གཉེར་བྱེད་པའི་བོད་རིགས་གྲོགས་པོ་དག་རེད།

《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་
འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་གཟིགས་མོ་བའི་དྲི་བར་ལན་འདེབས་པ།

      《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་འདི་ཕབ་སྐྲུན་ནས་སྒྲིག་བཟོ་ལེགས་འགྲུབ་ཀྱི་བར་དུ་དུས་ཡུན་ལོ་ཕྱེད་ཟིན་ཞིང་། རྒྱ་ཆེ་བའི་གཟིགས་མོ་བ་དང་ཆེད་ལས་དགེ་རྒན་རྣམ་པའི་དགའ་བསུ་དང་གདེང་འཇོག་ལེགས་པོ་ཐོབ་པ་དང་། འགྲེམ་གཏོང་བྱས་རྗེས་འཁྲབ་ཁྲིད་པ་དང་གཟིགས་མོ་བ་ཕན་ཚུན་འབྲེལ་འདྲིས་བྱས།


《ལམ་གྱི་རྨི་ལམ》ཞེས་པའི་གློག་བརྙན་འགྲེམ་གཏོང་བྱེད་པ།


འབྲེལ་ཡོད་འོས་སྦྱོར།