logo

《མི་མེད་ལུང་སྟོང》ཞེས་པའི་གློག་བརྙན་ཁྲོད་སྟོབས་རྒྱལ་གྱིས་གཙོ་འཁྲབ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-04 ཀློག་གྲངས།:


《མི་མེད་ལུང་སྟོང》ཞེས་པའི་གློག་བརྙན་ཁྲོད་སྟོབས་རྒྱལ་གྱིས་གཙོ་འཁྲབ་བྱས་པ།

      ཟླ12པའི་ཚེས3ཉིན། 《མི་མེད་ལུང་སྟོང》ཞེས་པའི་གློག་བརྙན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཤིང་། འཁྲབ་ཁྲིད་པ་ཉིན་ཧོ་དང་གཙོ་འཁྲབ་པ་སྟོབས་རྒྱལ་སོགས་ཚོགས་ཐོག་ཏུ་ཞུགས་ཡོད་པ་དང་། གློག་བརྙན་འདི་ཕབ་སྐྲུན་བྱས་པ་ནས་བཟུང་དུས་ཡུན་ལོ་ངོ་བཞི་འགོར་ཞིང་། ད་ལོའི་ཟླ12པའི་ཚེས3ཉིན་རྒྱལ་ཡོངས་སུ་འགྲེམ་གཏོང་བྱས།


གཙོ་འཁྲབ་པ་རྣམས་ལྷན་དུ་པར་བསྐྱོན་པ།

      འདིའི་ནང་སྟོབས་རྒྱལ་གྱིས་གཙོ་འཁྲབ་ཀྱི་འགན་བཞེས་ཡོད་ཅིང་། གཙོ་བོ་ནག་ཚོགས་ཀྱི་འགོ་དཔོན་བྱས་ནས་ཞེ་གནག་གདུག་རྩུབ་ཆེ་བའི་མི་ཞིག་བྱེད་པ་ཡིན། ཁོ་ལ་སྨྲ་བརྗོད་མང་པོ་མེད་ནའང་འོས་ཤིང་འཚམ་པོར་འཁྲབ་སྟོན་བྱས་པས་མི་ངན་གྱི་འགོ་བའི་གདུག་ཅན་རྣམ་པ་གནད་ལ་འཁེལ་ཏེ་མཚོན་ཡོད།
      སྟོབས་རྒྱལ་ལ་བཅར་འདྲི་བྱེད་དུས་བཤད་རྒྱུར། ལོ་བཞིའི་སྔོན་དུ་ཚང་མས་ཞིན་ཅང་མི་མེད་ལུང་སྟོང་དུ་ཕབ་སྐྲུན་བྱེད་པའི་སྐབས་སུ་དཀའ་ཁག་ཆེན་པོ་འདུག་ལ། ད་ནི་གློག་བརྙན་དངོས་སུ་གཏོང་ཐུབ་པ་བྱུང་བས་རང་ཉིད་ཀྱང་དགའ་སྤྲོ་ཆེན་པོ་རྒྱས་ཡོད་པ་དང་།  འཁྲབ་ཁྲིད་པ་ཉིན་ཧོ་དང་མཉམ་འབྲེལ་བྱེད་ཐུབ་པ་བྱུང་བ་ནི་དངོས་གནས་དགའ་སྐྱིད་ལྡན་པ་ཞིག་རེད། ཡུལ་དངོས་སུ་ཤ་བཟའ་མིན་ལ་བཅར་འདྲི་བྱེད་དུས་ཁོས་དགོད་ཞོར་དུ་ངས་ཤ་ཟ་བ་ཡིན། ཤ་ཟ་བ་ཡིན། གལ་ཏེ་ཤ་མ་ཟོས་ན་མགོ་ཡུ་འཁོར་ནས་ལོག་འགྲོ་ངེས་ཞེས་བཤད།


གཙོ་འཁྲབ་པ་སྟོབས་རྒྱལ།

      གཙོ་འཁྲབ་པ་སྟོབས་རྒྱལ་གྱིས་དེ་སྔོན《ཨ་ཆེན་གངས་རྒྱབ》ཞེས་པའི་གློག་བརྙན་ཁྲོད་རི་བསྐྱོད་རུ་ཁག་གི་འགོ་གཙོ་འཁྲབ་སྟོན་བྱས་ལ། དེ་དུས་ཁོ་ནི་ཨ་ཆེན་གངས་རྒྱབ་གཙོད་སྲུང་སྐྱོབ་བྱེད་པའི་ཡུལ་མཐའི་བདེ་སྲུང་པ་ཡིན་ཞིང་། བྱམས་བརྩེ་ལྡན་ཞིང་ལས་ལ་བརྩོན་པ་ཞིག་ཡིན་པའི་ཁར། ད་ཐེངས་ཀྱི་འཁྲབ་སྟོན་དང་བསྡུར་ན་དཀར་ནག་གི་བར་ཁྱད་ཆེན་པོ་འདུག


འབྲེལ་ཡོད་འོས་སྦྱོར།