logo

《ལྕི་བ》ཞེས་པའི་དངོས་བྲིས་གློག་བརྙན་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-23 ཀློག་གྲངས།:


ཡུལ་སྡེའི་མིག《ལྕི་བ》ཞེས་པའི་དངོས་བྲིས་གློག་བརྙན་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།

       ཟླ11པའི་ཚེས21ཉིན། 2013ལོའི་དབྱི་ཐེབས་རྩའི་སྤྱི་ཕན་ཤུགས་རྐྱེན་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་ཞིང་། ཐོག་དང་པོར་ཕབ་སྐྲུན་གྱི་ལས་ལ་རྩོམ་པའི་ལྷ་མཛེས་ཀྱི《ལྕི་བ》ཞེས་པའི་དངོས་བྲིས་གློག་བརྙན་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།
       དེ་སྔོན། 《ལྕི་བ》ཞེས་པའི་དངོས་བྲིས་གློག་བརྙན་འདི་ཧྥུན་ཧོང་དྲ་བའི་སྐབས་གཉིས་པའི་དངོས་བྲིས་གློག་བརྙན་བྱ་དགའི་ཕུལ་བྱུང་དངོས་བྲིས་གློག་བརྙན་རིང་བོའི་བྱ་དགའ་དང་ལྗང་མདོག་བྱ་དགའི་གྲས་སུ་ཚུད།

       ཡུལ་སྡེའི་མིག་ཅེས་པ་ནི་རང་བྱུང་རི་ཆུ་སྲུང་སྐྱོབ་ལྟེ་གནས་དང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཡུལ་སྡེའི་སྡོད་ཁུལ་ལ་དམིགས་པའི་ལས་ཁུངས་སོགས་མཉམ་འབྲེལ་སྒོས་ལེགས་འགྲུབ་བྱུང་བའི་སྤྱི་ཕན་གྱི་བརྙན་ཕབ་འཆར་གཞི་ཞིག་ཡིན་ཞིང་།  འཆར་གཞི་འདི་ནི་ཡུན་ནན་དང་། མཚོ་སྔོན།  སི་ཁྲོན་སོགས་ཞིང་ཆེན་གྱི་རོང་འབྲོག་ས་ཁུལ་གྱི་སློབ་མར་བརྙན་ཕབ་དང་འདྲ་བཟོ་ཐད་ཀྱི་གསོ་སྦྱོང་ཞིག་ཡིན་ལ། ཁོ་ཚོས་རང་སོ་སོའི་གློག་བརྙན་བརྩམས་ཆོས་ཕབ་སྐྲུན་བྱས་ཏེ་རང་ཕ་ཡུལ་གྱི་རིག་གནས་དང་ཁོར་ཡུག་སོགས་ཀྱི་རྣམ་པ་སྟོན་པར་རྒྱབ་སྐྱོར་བྱེད་པ་དེ་ཡིན།


འཁྲབ་ཁྲིད་པ་ལྷ་མཛེས།


འབྲེལ་ཡོད་འོས་སྦྱོར།