དངོས་བཤུས་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཅེས་པའི་བརྙན་གཟུགས།
རྩོམ་པ་པོ།:བང་རུང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-15
ཀློག་གྲངས།:
དངོས་བཤུས་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཅེས་པའི་འགྲེམ་སྤེལ་པར་རིས།
དངོས་བཤུས་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ནི་འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས་གྲས་ཀྱི་གཅིག་ཡིན་ལ། དངོས་བཤུས་གློག་བརྙན་འདི་ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་དང་གདེངས་འཇོག་ཆེན་པོ་གནང་ཡོད།
དངོས་བཤུས་གློག་བརྙན་འདི་ནི་བོད་རིགས་བྱིས་པ་ཞིག་གི་གཟའ་མཇུག་དུ་བྱུང་བའི་ཆེས་སྤྱིར་བཏང་གི་འཚོ་བའི་གཏམ་རྒྱུད་ཐུང་ཐུང་ཞིག་ཡིན་ལ། གཏམ་རྒྱུད་ཐུང་ངུ་འདི་ལས་ཁ་བའི་ཁྲོད་གནས་པའི་རི་ཁུལ་ཞིག་གི་ཞི་འཇམ་ལྷིང་འཇགས་དང་། ལྷིང་འཇགས་ཁྲོད་བྱུང་བའི་མཛེས་སྡུག་དྭངས་གཙང་གི་སེམས་ཁམས། འཚོ་བའི་དངོས་དོན། རང་བྱུང་དང་སེམས་ཁམས་གཞི་གཅིག་ཏུ་འདྲེས་པའི་ཆེས་ལྷད་མེད་ཀྱི་ཕུགས་འདུན་ཞིག་མཚོན་ཡོད།
དངོས་བཤུས་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཅེས་པའི་བརྙན་གཟུགས།
འབྲེལ་ཡོད་འོས་སྦྱོར།