logo

ཚེ་རིང་རྣམ་རྒྱལ་གྱི་གློག་བརྙན《མེ་ཏོག་ཐང་གི་སྐྱོ་གར》འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-16 ཀློག་གྲངས།:


ཚེ་རིང་རྣམ་རྒྱལ་གྱི་གློག་བརྙན《མེ་ཏོག་ཐང་གི་སྐྱོ་གར》འགྲེམ་སྤེལ་བྱས།

        ཉེ་ལམ། ཚེ་རིང་རྣམ་རྒྱལ་གྱི་གློག་བརྙན་བརྩམས་ཆོས《མེ་ཏོག་ཐང་གི་སྐྱོ་གར》ཞེས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ནས་ཕབ་བསྐྲུན་ལེགས་འགྲུབ་བྱུང་སྟེ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་དངོས་སུ་འགྲེམ་སྤེལ་བྱས།

        གློག་བརྙན་འདིའི་ནང་དུ་དྭ་ཕྲུག་ཏུ་ལུས་པའི་མིང་སྲིང་གཉིས་ཀྱི་དཀའ་སྡུག་གི་འཚོ་བ་བཀོད་པ་བརྒྱུད་ནས་དུས་རྒྱུན་ན་བས་གདུང་ནས་མལ་སར་ལྷུང་བའི་ཨ་མྱེས་གཉོར་སྐྱོང་དང་འབྱོར་བ་ཤིན་ཏུ་ཞན་པའི་ཁྱིམ་ཚང་ཞིག་གི་འོས་འགན་དང་ལེན་བྱེད་དགོས་པར་བརྟེན། རང་གི་མི་ཚེ་གཅིག་གི་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་གྱི་ཆ་ནས་ཡིད་སྐྱོ་ཞིང་ཡ་ང་བའི་སྣང་ཚུལ་ཇི་བཞིན་མཚོན་པར་བྱས་ཡོད་པ་མ་ཟད། སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་ཐོབ་ཐབས་བྲལ་ན་ཡང་། དུས་ཚོད་ཆུད་ཟོས་སུ་མ་བཏང་བར་འཚོ་བའི་ཟང་ཟིང་གི་བར་གསེང་དང་ཁོམ་སྐབས་བཙལ་ནས་རིག་གནས་སྦྱངས་འདོད་ཀྱི་འདུ་ཤེས་ལ་བསྔགས་བརྗོད་བྱས་པ་དང་སྦྲེལ་ནས་བྱིས་པ་སུ་ཡིན་ཡང་དཀའ་ཁག་ག་འདྲ་ཞིག་ལ་འཕྲད་ན་ཡང་སློབ་གྲྭར་འགྲོ་དགོས་པ་དང་རིག་གནས་སྦྱངས་དགོས་ཚུལ་བསྟན་ཡོད་པ་ཡིན།
འཁྲབ་གཞུང་རྩོམ་མཁན། ཚེ་རིང་རྣམ་རྒྱལ།
འཁྲབ་ཁྲིད་པ། ཚེ་རིང་རྣམ་རྒྱལ།
བརྙན་ལེན་པ། ཚེ་རིང་རྣམ་རྒྱལ།
སྒྲིག་སྦྱོར་བ། ཁ་བའི་སྨྱུག་གླིང་།
ཕྱི་ཤོག་མཛེས་བཟོ་བ། རྒྱ་སྐོར་ཕག་མོ་བསོད་ནམས།
གཙོ་འཁྲབ་པ། གཡུང་དྲུང་རྡོ་རྗེ་དང་ཚེ་ཐར་སྐྱིད།
འཁྲབ་སྟོན་པ། རིན་ཆེན་དགེ་ལེགས་དང་། རྡོ་རྗེ་བཀྲ་ཤིས། རྡོ་རྗེ་ཚེ་རིང་། ཀླུ་བྱམས་རྒྱལ། དགོན་པ་ཐར། རིན་ཆེན་རྡོ་རྗེ། གནམ་ཕྱུག་ཡག  ཀུན་གྲགས་རྒྱ་མཚོ། བཀྲ་ཤིས་སྒྲོལ་མ། རིན་ཆེན་སྒྲོལ་མ། སྙིང་དཀར་མཚོ།


འབྲེལ་ཡོད་འོས་སྦྱོར།