logo

གློག་བརྙན《གཡང་མདའ》བདེ་བླག་ངང་ཕབ་སྐྲུན་བྱེད་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-15 ཀློག་གྲངས།:
        གློག་བརྙན་འདིའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཕབ་སྐྲུན་མྱུར་ཚད་ལ་ཡིད་ཚིམ་ ཡོད་ཅིང་། ཁོས་བཤད་རྒྱུར། སྡེ་བ་གཉིས་ཀྱི་བྱིས་པའི་མདའ་རྩེད་འགྲན་བསྡུར་གྱི་ཡུལ་དངོས་ཕབ་སྐྲུན་ནི་ དངོས་གནས་དཀའ་ཁག་ཅུང་ཆེ་ནའང་བྱིས་པ་རྣམས་བློ་རྩེ་སྒྲིལ་ནས་འཁྲབ་སྟོན་བྱེད་ ཀྱི་ཡོད་དེ། འདིས་ས་གནས་ཀྱི་ཁྱད་འཕགས་རིག་གནས་གཞི་ནས་ཁོ་ཚོའི་ཤ་ཁྲག་ཏུ་འཐིམ་ཡོད་པ་ རྟོགས་ནུས་ལ། དགེ་རྒན་བློ་བཟང་ཆོས་འཕེལ་ནི་དེ་སྔ་ཁྲིན་ཁྲུན་གྱི《གནམ་འཁྲུས》ཞེས་པའི་ཁྲོད་ འཁྲབ་སྟོན་བྱས་མྱོང་ཞིང་། ཁོ་ནི་ང་རང་ཆེས་དགའ་བའི་འཁྲབ་སྟོན་པ་ཞིག་ཡིན་པ་དང་། ཁོ་དང་མཉམ་འབྲེལ་བྱེད་ཐུབ་པར་དངོས་གནས་དགའ་སྤྲོ་རྒྱས། འཁྲབ་སྟོན་པ་ཞིག་ལ་མཚོན་ན། འཁྲབ་སྟོན་ནི་དངོས་གནས་ལོངས་སུ་སྤྱོད་འོས་པའི་དོན་དག་ཅིག་རེད། རིན་ཆེན་དོན་གྲུབ་ནི་གློག་བརྙན་འདིའི་སྐྱེས་པའི་འཁྲབ་གཙོ་པ་ཡིན་ཞིང་། སྔར་བོད་འབྲེལ་གྱི་གློག་བརྙན་གང་མང་དུ་འཁྲབ་སྟོན་བྱས་མྱོང་བ་དང་། ཁོ་དང་མཉམ་འབྲེལ་བྱེད་ཐུབ་པར་རེ་ལྟོས་ཆེན་པོ་བྱས་ལ། ཐེངས་འདིའི་རེ་སྨོན་འགྲུབ་སོང་། ཐེངས་འདིའི་གློག་བརྙན་ཕབ་སྐྲུན་ལ་དཀའ་ཁག་གང་མང་འཕྲད་ནའང་ཕྱོགས་ཡོངས་ཀྱི་ཆ་ ནས་ད་དུང་ཡག་པོ་འདུག  གློག་བརྙན་ལེགས་པོ་ཞིག་ཕབ་སྐྲུན་བྱེད་དགོས་ན། ནམ་དུས་སོགས་ཆ་རྐྱེན་སོ་སོ་འཛོམས་དགོས་པ་ནི་བརྗོད་དུ་མེད་དོ།།


གད་སྙིགས་གཙང་སེལ་བྱེད་པ།


《གཡང་མདའ》ཞེས་པའི་གློག་བརྙན་ཕབ་སྐྲུན་ཡུལ་དངོས།


གད་སྙིགས་སྐྱེལ་བ།

        《གཡང་མདའ》ཞེས་པའི་གློག་བརྙན་ཕབ་སྐྲུན་ཚན་ཆུང་ལས་ལ་བརྩོན་པ་མ་ཟད་ཁོར་ཡུག་སྲུང་སྐྱོབ་ལའང་དོ་སྣང་ཆེན་པོ་བྱེད་པ་ཡིན་ཏེ། མི80ལྷག་གིས་གྲུབ་པའི་ཕབ་སྐྲུན་ཚན་ཆུང་འདིས་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་རུ་ཕབ་སྐྲུན་བྱེད་དུས། ག་ས་གང་དུ་ཐོན་ཡང་ཕབ་སྐྲུན་གྱི་བྱ་བ་ལས་གཞན་ད་དུང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལའང་དོ་ཁུར་ཆེན་པོ་བྱས་ཏེ་ཕབ་སྐྲུན་གྱི་གནས་སོ་སོར་གད་སྙིགས་གསོག་ཆས་དྲུད་དེ་ཡོད་ཚད་གཙང་སེལ་དང་སྔར་རྣམ་གྱི་མཛེས་ལྗོངས་མི་གནོད་པར་རྒྱུན་འཁྱོངས་བྱས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།