ཆོས་དབྱིངས་སྐྱིད་རྒྱབ་ལྗོངས་སུ་བཟུང་བའི་གློག་བརྙན《ལེ་དབར་ཁྲི་ཕྲག》ཅེས་པ་མཚོ་བྱང་དུ་ཕབ་མགོ་བརྩམས།

ཆོས་དབྱིངས་སྐྱིད་རྒྱབ་ལྗོངས་སུ་བཟུང་བའི་གློག་བརྙན《ལེ་དབར་ཁྲི་ཕྲག》ཅེས་པ་མཚོ་བྱང་དུ་ཕབ་མགོ་བརྩམས།
ཟླ8པའི་ཚེས12ཉིན། ཀྲའོ་ཉིན་ཡུས་སྒྲིག་འཁྲབ་དང་ཁི་ཁིས་འཁྲབ་ཁྲིད་བྱེད་པའི་ཨོ་རྩལ་འགྲན་ཚོགས་ཀྱི་བོད་རིགས་ལུས་རྩལ་པ་ཐོག་མ་ཆོས་དབྱིངས་སྐྱིད་ཀྱི་ལོ་རྒྱུས་བརྗོད་པའི་ལུས་རྩལ་གློག་བརྙན《ལེ་དབར་ཁྲི་ཕྲག》ཅེས་པ་དུས་ཡུན་ལོ་གཅིག་གི་གྲ་སྒྲིག་བརྒྱུད་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱི་ཕ་ཡུལ་མཚོ་བྱང་ཁུལ་དུ་དངོས་སུ་ཕབ་མགོ་བརྩམས་པ་རེད།
གློག་བརྙན་ཁྲོད། མིང་དུ་གྲགས་པའི་བོད་རིགས་བརྙན་འཁྲབ་པ་བདེ་སྐྱིད་ཀྱིས་འཁྲབ་གཙོ་པའི་འགན་བླངས་ལ། ལུས་སེམས་ལ་སྣོན་ཤུགས་ཐེབས་པའི་རྒྱ་རིགས་དགེ་རྒན་གྱིས་རང་གི་སྤོབས་པ་སླར་ཡང་གསོས་ཤིང་བོད་རིགས་བུ་མོར་སྣེ་ཁྲིད་དང་གསོ་སྐྱོང་སྒོས་ཁོ་མོར་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཐོབ་པའི་རེ་འདུན་སྐོང་རོགས་བྱེད་པའི་གཏམ་རྒྱུད་བརྗོད་པ་ཅིང་། འདིས་མདོ་དབུས་མཐོ་སྒང་གི་རང་བྱུང་གཟི་ཤུགས་ངོམ་པ་དང་ཆབས་ཅིག མི་རིགས་འཆམ་མཐུན་དང་མཐུན་སྒྲིལ་མཉམ་བསྐྱོད་བྱེད་པའི་རྣམ་པའང་བསྟན།

གཙོ་འཁྲབ་པ་བདེ་སྐྱིད།
ཆོས་དབྱིངས་སྐྱིད་ནི་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་མཁན་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་ཞུགས་པའི་བོད་རིགས་བྱ་དགའ་ཐོབ་མཁན་ཡང་ཡིན། དགེ་རྒན་གྱིས་ཁོ་མོར“ཏག་ཏག་ཁྱེད་རང་ལེ་དབར་ཁྲི་ཕྲག་ལ་རྒྱུག་རྗེས་ཨང་དང་པོ་ལེན་ཐུབ་ངེས་རེད”ཅེས་གསུང་མྱོང་བས་ན། དེ་ནས་བཟུང་བོད་རིགས་བུ་མོ་ཆུང་ཆུང་འདིས་ནམ་ཡང་ཁུ་སིམ་མར་རང་ཉིད་ཀྱི་ལམ་ཐག་གི་ཚད་འཇལ་ཞིང་། མོའི་རྐང་པའི་འདེགས་འཇོག་གི་གོམ་ཁ་རྩལ་སྦྱངས་ར་བ་འདི་རུ་མགོ་བརྩམས་ལ། དེ་དུས་འདིར་རྒྱུག་ལམ་ཡང་མི་འདུག་པ་རེད།《ལེ་དབར་ཁྲི་ཕྲག》ཅེས་པའི་གློག་བརྙན་གྱིས་ཀྱང་གནས་འདི་ནས་ཁོ་ཚོའི་གཏམ་རྒྱུད་བརྗོད་མགོ་བརྩམས།
