logo

དངོས་བྲིས་བརྙན་འཕྲིན《ཡལ་ལ་ཉེ་བའི་གངས་རི》ཞེས་པར་མི་ཆོས་རང་བྱུང་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-17 ཀློག་གྲངས།:

དངོས་བྲིས་བརྙན་འཕྲིན《ཡལ་ལ་ཉེ་བའི་གངས་རི》ཞེས་པར་མི་ཆོས་རང་བྱུང་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
དངོས་བྲིས་བརྙན་འཕྲིན《ཡལ་ལ་ཉེ་བའི་གངས་རི》ཞེས་པར་མི་ཆོས་རང་བྱུང་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།

        ཀྲུང་གོའི་རྒྱང་བསྒྲགས་བརྙན་འཕྲིན་མཐུན་ཚོགས་དངོས་བྲིས་གློག་བརྙན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟླ5བའི་ཚེས14ཉིན་ཧུའུ་ནན་ཧྥན་ཧོང་མཁར་རྙིང་དུ“དངོས་བྲིས། ཀྲུང་གོ”ཞེས་པའི་ལེགས་སྐྲུན་ཞིབ་དཔྱད་བྱ་འགུལ་སྐབས་བདུན་པ་མཇུག་སྒྲིལ་ཞིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བརྙན་འཕྲིན་ཁང་གི་སྒྲིག་འཁྲབ་པ་སྟག་ལྷ་རྒྱལ་གྱིས་སྒྲིག་བཟོ་བྱས་པའི་དངོས་བྲིས《ཡལ་ལ་ཉེ་བའི་གངས་རི》ཞེས་པར་ཐེངས་འདིའི་ལེགས་སྐྲུན་ཞིབ་དཔྱད་བྱ་འགུལ་ཁྲོད་མི་ཆོས་རང་བྱུང་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
        “དངོས་བྲིས། ཀྲུང་གོ”ཞེས་པ་ནི་ཀྲུང་གོའི་རྒྱང་བསྒྲགས་བརྙན་འཕྲིན་མཐུན་ཚོགས་དངོས་བྲིས་གློག་བརྙན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལོ་རེའི་བྱ་དགའི་རྣམ་གྲངས་དང་དངོས་བྲིས་གསར་སྐྲུན་ཁྱབ་ཁོངས་ཀྱི་མིང་གྲགས་མཚན་རྟགས་ཡིན་པ་དང་། ད་ལྟའི་བར་བདེ་བླག་ངང་སྐབས་དྲུག་ལ་སྤེལ་ཞིང་། གཙོ་ཆེར་ལོ་རེའི་ཕུལ་བྱུང་དངོས་བྲིས་གློག་བརྙན་ལེ་ཚན་དང་དངོས་བྲིས་བརྙན་འཕྲིན་ལེ་ཚན་ལ་གཟེངས་རྟགས་གནང་རྒྱུ་དང་། དངོས་བྲིས་བརྙན་འཕྲིན་གསར་སྐྲུན་ལ་སྐུལ་ལྕགས་སྒོས་དངོས་བྲིས་གློག་བརྙན་ཐོན་ལས་འཕེལ་རྒྱས་ལ་སྔོན་སྐུལ་བྱེད་པ་རེད།


སྟག་ལྷ་རྒྱལ་གྱིས་དངོས་བྲིས་བརྙན་འཕྲིན་ཕབ་སྐྲུན་བྱེད་པ།

        སྟག་ལྷ་རྒྱལ་ནི1974ལོའི་ཟླ2པར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་རྡོ་སྦིས་ཡུལ་ཚོར་སྐྱེས་ཤིང་། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སློབ་གྲྭའི་བོད་རྒྱ་ཁྲིམས་ལུགས་ཆེད་ལས་དང་། ནུབ་བྱང་མི་རིགས་སློབ་ཆེན་དེང་རབས་དྲུང་ཡིག་ཆེད་ལས། ཀྲུང་གོའི་སྨྱན་བྱད་སློབ་ཆེན་བརྙན་འཕྲིན་སྒྲིག་འཁྲབ་ཆེད་ལས་བཅས་སྦྱངས་པ་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བརྙན་འཕྲིན་ཁང་གི་འགོ་གཙོའི་འགན་བཞེས་པ་རེད།
        ཁོང་གིས་སྒྲིག་འཁྲབ་དང་ཕབ་བསྐྲུན་བྱས་པའི་རོལ་མོའི་བརྙན་འཕྲིན་ཆེད་བསྒྲིགས་ནི《གངས་རིའི་བརྩེ་འདང》ཞེས་པ་དང་། 《ལྷའི་རོལ་དབྱངས》། 《དུས་བཅད》། 《ཕྱུགས་རྫིའི་བུ་མོ》། 《གསེར་གྱི་སྐར་ཚོམ》། 《མཐུན་སྒྲིལ་གྱི་རང་སྒྲ》སོགས་དང་། 《གཉེན་པོ་གཡུ་རྩེ》དང་། 《རྨ་ཡུལ་མགོ་ལོག》 《གེ་སར་རིག་གནས་ཀྱི་ཕ་ས》སོགས་ཕབ་བསྐྲུན་བརྩམས་ཆོས་གང་མང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།