logo

མུ་འབྲེལ་བརྙན་འཕྲིན་ཆེན་མོ《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ཞེས་པའི་སྐྱེས་མའི་གཙོ་འཁྲབ་པ་བསྡུ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-27 ཀློག་གྲངས།:

བོད་ལྗོངས་ཀྱི་མུ་འབྲེལ་བརྙན་འཕྲིན་ཆེན་མོ《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ཞེས་པའི་སྐྱེས་མའི་གཙོ་འཁྲབ་པ་བསྡུ་བ།

        མིག་སྔར། བོད་ལྗོངས་ཀྱི་མུ་འབྲེལ་བརྙན་འཕྲིན་ཆེན་མོ《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ཞེས་པས་སྤྱི་ཚོགས་སུ་སྐྱེས་མའི་གཙོ་འཁྲབ་པ་བསྡུ་བཞིན་ཡོད་ཅིང་། ལོ་ཚོད20ནས25བར་དང་། གཟུགས་ཚད་ལ་ལི་སྨི165ཡན་ཆད། མ་ཟད་གླུ་གར་ལ་མཁས་ཤིང་འཁྲབ་སྟོན་གྱི་ཉམས་མྱོང་བརྒྱུད་རིམ་ངེས་ཅན་ཞིག་དགོས།
        《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ནི་དམས་ཁྲོད་གཏམ་རྒྱུད་ཀྱི་རྨང་གཞིའི་སྟེང་སྒྲིག་བཅོས་བྱས་ཤིང་། བརྩེ་དུང་གི་གཏམ་རྒྱུད་དང་། དབང་གྲགས་ཅན་དང་སྐུ་དྲག་གི་བར་གྱི་ཁས་ཕན་འགྲན་རྩོད་བཅས་གཅིག་ཏུ་སྦྱར་ཡོད། བརྙན་འཕྲིན་འདིར་ལོ300སྔོན་ལ་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡར་ཀླུང་ཁོག་གི་འཕྱོངས་རྒྱས་རྫོང་དུ་དབང་གྲགས་ཅན་དང་སྐུ་དྲག་གི་བར་དུ་དབང་ཆ་འཕྲོག་རྩོད་དང་བརྩེ་དུང་གི་གཏམ་རྒྱུད་བྱུང་བ་བརྗོད་ཅིང་གཙོ་ཆེར་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་པའི་མི་སྣ་འདི་གཞིར་བྱས་ཏེ་གཏམ་རྒྱུད་ཧྲིལ་བོ་དྲངས་པ་ཡིན།
        སྐྱེས་མའི་གཙོ་འཁྲབ་པ་བསྡུ་ཡུན་ནི2013ལོའི་ཟླ7པའི་ཚེས10བར་ཡིན་ལ། མོས་འདུན་ཡོད་མཁན་དག་གིས་རང་ཉིད་ཀྱི་མཚམས་སྦྱོར་ཡི་གེ་དང་འདྲ་པར་རྣམས་ཡིག་ཟམ་འདི་རུ་སྐུར་རོགས་ཞུ། XZTVDWZM@163.com
 


འབྲེལ་ཡོད་འོས་སྦྱོར།