logo

《སྐྱ་རེངས་མེད་པའི་དབྱར་ཁ》ཕབ་ཚར་ནས་གཏོང་བཞིན་ཡོད་པ།

རྩོམ་པ་པོ།:ཁྲོ་རྒྱལ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-27 ཀློག་གྲངས།:


སྐྱ་རེངས་མེད་པའི་དབྱར་ཁ།

        མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གྲོགས་ཁྲོ་རྒྱལ་ཚེ་རིང་གིས་འཁྲབ་ཁྲིད་དང་རྩོམ་འབྲི་བྱས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་སྐྱ་རེངས་མེད་པའི་དབྱར་ཁ་ཞེས་པ་དེ2012ལོའི་ཟླ10བའི་ནང་དུ་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་བརྡལ་ཁྲ་ཆེན་རྫ་ལུང་དུ་ཡོངས་སུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་། ད་ཆ་དངོས་སུ་དྲ་ལམ་ཁག་ཏུ་གཏོང་བཞིན་ཡོད་པ་རེད།


ཕབ་སྐྲུན་ཡུལ་དངོས་ཀྱི་རྣམ་པ།

        གློག་བརྙན་དེའི་ནང་དུ་གཙོ་བོ་རྫ་རྒན་སྡེ་བའི་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་སློབ་ཆེན་པ་གཉིས་ཀྱིས་རང་གི་ཕུགས་བསམ་དང་འཇོན་ནུས་ཡོད་ཚད་ཕྱིར་ཕ་ཡུལ་གྱི་དོན་དུ་ཕུལ་མོད། ཡིན་ན་ཡང་། བག་ཆགས་རྙིང་པའི་འདུ་ཤེས་དང་བརྩེ་དུང་ཟབ་མོའི་ཟིལ་ཤུགས་ཀྱི་བར་ནས་ཁོ་གཉིས་ཀྱི་ཕུགས་བསམ་ལ་གཡོ་འགུལ་བྱུང་བའི་གནས་ཚུལ་བརྗོད་ཡོད།


གློག་བརྙན་ཕབ་སྐྲུན་དུ་ཞུགས་པའི་མི་སྣ།

བརྙན་གཟིགས་སྦྲེལ་གནས། 


འབྲེལ་ཡོད་འོས་སྦྱོར།