logo

《དཔའ་བོའི་ལུང་པ》ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ།:རིན་ཆེན་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-21 ཀློག་གྲངས།:

དངོས་བཤུས་གློག་བརྙན《དཔའ་བོའི་ལུང་པ》ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ།
དངོས་བཤུས་གློག་བརྙན《དཔའ་བོའི་ལུང་པ》ཞེས་པའི་ཐོག་མའི་
གཟིགས་འབུལ་མཛད་སྒོ་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ།

        བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་མཁར་བྱམས་རྒྱལ་གྱིས་ལོ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་བརྙན་ལེན་དང་སྒྲིག་བཟོ་བྱས་ནས་ད་ཆར་ལེགས་འགྲུབ་བྱུང་བའི་བོད་ཀྱི་དངོས་བཤུས་གློག་བརྙན《དཔའ་བོའི་ལུང་པ》ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ་ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད18:30སྟེང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་སྤེལ་འཆར་ཡོད་པ་རེད།
        གློག་བརྙན་འདི་ནི་དེང་རབས་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་མཁར་བྱམས་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ་དེ་ཡིན་པ་དང་། ཨ་མའི་ལོ་ལོ་གློག་བརྙན་མཐུན་ཚོགས་ཀྱིས་ཕབ་བསྐྲུན་བྱས། གློག་བརྙན་འདིས་མདོ་སྨད་བ་ཡན་ཕྱོགས་ཀྱི་ཡུལ་སྡེ་མང་བོའི་འདས་མ་ད་གསུམ་གྱི་ལོ་རྒྱུས་བརྗོད་དོན་བྱས་ཐོག་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་ཟུར་ངོས་མང་པོ་ཞིག་གློག་བརྙན་བརྒྱུད་ནས་མངོན་ཡོད་པ་དང་། བདེན་པའི་གཤིས་སུ་གྲུབ་བའི་དངོས་ཡོད་ཀྱི་སྣང་བརྙན་རེ་རེ་བརྙན་རིས་ཀྱི་སྐད་ཆ་བརྒྱུད་ནས་གཟིགས་མོ་བ་ཀུན་གྱི་དགའ་བ་དྲུངས་ནས་འབྱིན་ཐུབ་པར་མ་ཟད། དངོས་བཤུས་གློག་བརྙན་འདིས་བོད་ཀྱི་དངོས་ཡོད་འཚོ་བའི་ཟུར་ངོས་མང་པོ་ཞིག་དམིགས་གཏད་ཀྱི་འབེན་སར་བཟུང་ནས་དོ་སྣང་མང་དུ་བྱས་ཡོད། འཁྲབ་ཁྲིད་པའི་གློག་བརྙན་སྒྱུ་རྩལ་ལ་བཟུང་བའི་འགན་འཁྲི་དང་དུངས་བ་ཟབ་མོ་ཞིག་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཁྱབ་འདུག  
ས་གནས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་ཤར་མའི་རིག་གཞུང་སྙན་ཞུ་ཁང་།
དུས་ཚོད།  ཕྱི་ལོ2013ལོའི་ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད18:30སྟེང་།


འབྲེལ་ཡོད་འོས་སྦྱོར།