སྒྲོན་མེ་ཞེས་པའི་བརྙན་ཕྲན་འདི་མ་ཡུམ་དུས་ཆེན་དུ་དྲ་ལམ་ནས་གཏོང་བ།

སྒྲོན་མེ་ཞེས་པའི་བརྙན་ཕྲན་འདི་མ་ཡུམ་དུས་ཆེན་དུ་དྲ་ལམ་ནས་གཏོང་བ།
ཉེ་ལམ་བོད་ཀྱི་ན་གཞོན་རྟ་མགྲིན་རྡོ་རྗེས་ཕབ་བསྐྲུན་བྱས་པའི་བརྙན་ཕྲན《སྒྲོན་མེ》ཞེས་པ་ཟླ5བའི་ཚེས12ཉིན་མ་ཡུམ་དུས་ཆེན་དུ་ཨེ་ཆི་དབྱི་དྲ་ལམ་ནས་གཏོང་ཞིང་། བརྙན་ཕྲན་འདིའི་ཁྲོད་འཁྲབ་གཙོ་པ་དོན་གྲུབ་གཞོན་དུས་སུ་ལག་ཉམས་ཤོར་ཏེ་ཨ་མ་སྒྲོལ་མའི་བུ་བསད་པའི་ཁར་བཙོན་དུ་ཚུད་པ་དང་། བཙོན་གྲོལ་བཏང་རྗེས་སེམས་ལ་ནོངས་འགྱོད་རབ་ཏུ་སྐྱེས་ཏེ་ཨ་མ་སྒྲོལ་མར་བཟོད་གསོལ་ཞུ་རུ་སོང་། ཨ་མ་རྒན་མོས་གུ་ཡངས་གཏོང་བར་རེ་སྨོན་བྱས། ཁོ་བོ་འདྲུད་པའི་རླངས་འཁོར་དེའི་ཁ་ལོ་བ་ནི་མ་རབས་ཀྱི་ལས་ལ་ཞུགས་མཁན་ཞིག་ཡིན་ནའང་དོན་གྲུབ་ཀྱི་གཏམ་རྒྱུད་འདི་ལ་ཉན་རྗེས་སེམས་རབ་ཏུ་ཞི་བར་གྱུར། ཨ་མ་རྒན་མོའི་མི་ཚེ་སྨད་དེ་དོན་གྲུབ་ཀྱི་བློ་སེམས་རྣལ་མའི་གཟིགས་རྟོགས་འོག་ཕར་སྐྱེལ་ནས་ཚེ་ལས་འདས། དེའི་རྗེས་དོན་གྲུབ་དགོན་པ་རུ་གྲྭ་བ་བྱས་པ་དང་དད་འདུན་གྱི་ཐབས་ལམ་གཞན་ཞིག་ནས་སྔར་བྱས་ཀྱི་མ་རུང་ལས་ལ་འགྱོད་སེམས་བསྐྱེད། དེ་དང་ཆབས་ཅིག་ཁོ་བོས་རྫོགས་ལྡན་གྱི་ཚེ་སྲོག་ལས་རྫོགས་མེད་ཀྱི་མི་ཚེའི་ཡང་སྙིང་ཞིག་གི་ངེས་ཤེས་རྙེད།
བརྙན་ཕྲན་གྱི་དྲ་གནས།

